ར་ཤེ་ཡས་ཡུཀ་རེན་ལ་བཙན་རྒོལ་གྱི་མཇུག་འབྲས།
2022.04.14
བོད་དང་རྒྱལ་སྤྱིའི་གནས་བབ་ཞེས་པའི་ལེ་ཚན། ར་ཤེ་ཡས་ཡུཀ་རེན་ལ་བཙན་རྒོལ་གྱིས་མི་ཆོས་ལས་འདས་པའི་གདུག་རྩུབ་དྲག་གནོན་ལ་རྒྱལ་སྤྱིས་གདོང་ལེན་གནང་ཕྱོཌ་ཀྱི་རྗེས་འབྲས་ཇི་ཡོང་དང་། རྒྱ་ནག་གིས་ཐེ་ཝན་ལ་དྲག་རྒོལ་གྱིས་ཟླ་སྒྲིལ་གཏོང་རྒྱུའི་འཆར་གཞིར་འགྱུར་བ་འགྲོ་མིན་དང་འབྲེལ་ཡོད་བོད་མིའི་འཐབ་རྩོད་ཐོག་དཔེ་བླང་རྒྱུ་ཇི་ཡོད་སྐོར་ཨ་མི་རི་ཀའི་གྲོང་ཁྱེར་ཆེན་མོ་བྷོ་སེ་ཊོན་(Boston)ནང་རྟེན་གཞི་བྱེད་པའི་བོད་ཀྱི་ནང་བསྟན་དཔེ་ཚོགས་བསྟི་གནས་ཁང་གི་ཉམས་ཞིབ་པ་དང་བོད་མི་མང་སྤྱི་ཟུར་དང་བོད་གནས་ལྟ་ཞིབ་པ་བློ་བཟང་ཤཱསྟིརི་ལགས་དང་ལས་རིམ་གཙོ་སྐྱོང་བ་ཀརྨ་རྒྱ་མཚོ་ལགས་བཅས་དབར་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། ཀརྨ་རྒྱ་མཚོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།