སྨན་ཞབས་པ་ཚོས་ད་ལྟའི་སྨན་ཁང་ནང་གི་དངོས་མྱོང་གི་ལོ་རྒྱུས་ངོ་སྤྲོད།
2020.03.27
ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་འགོས་ཁྱབ་བྱུང་ས་གཙོ་བོ་གཅིག་ནི་སྨན་ཁང་ཁག་ཆགས་ཡོད་ཅིང་། འཛམ་གླིང་ཁྱོན་དུ་སྨན་ཁང་ཕལ་ཆེ་བའི་ནང་སྨན་པ་དང་སྨན་ཞབས་པ་མང་པོ་ཞིག་ཏོག་དབྱིབས་ནད་འབུ་འགོས་ནས་འདས་གྲོངས་གྱུར་ཡོད་པ་རེད། དེ་རིང་དམིགས་བསལ་ཆེད་སྒྲིག་གི་ལེ་ཚན་ནང་ཨ་རིའི་ནང་གཞུང་གི་སྨན་ཁང་རྙིང་ཤོས་ཡིན་པ་ནིའུ་ཡོག་གི་ སྨན་ཁང་ནང་སྨན་ཞབས་པའི་ཕྱག་ལས་ལ་གཉེར་བཞིན་པ་ཨ་འབུམ་ཚང་འཆི་མེད་ལགས་ཀྱིས་སྨན་ཞབས་པ་ཚོས་ད་ལྟའི་སྨན་ཁང་ནང་གི་དངོས་མྱོང་གི་ལོ་རྒྱུས་ངོ་སྤྲོད་གནང་བ་དང་མཉམ་ཏོག་དབྱིབས་ནད་ཡམས་ལ་གདོང་ལེན་ཞུ་ཕྱོགས་ཐད་ངོ་སྤྲོད་གནང་ཡོད་ཅིང་། ཁོང་གིས་གསུངས་ན་ཁོང་ལ་ཏོག་དབྱིབས་ནད་འབུ་འགོས་ཟིན་པའི་ནད་རྟགས་ཐོན་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ངོ་སྤྲོད་གནང་ཡོད་པ་རེད། འདིའི་སྐོར་བཀྲིས་དབང་ཕྱུག་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།