ཨ་མི་རི་ཀའི་གྲོས་ཚོགས་སྐབས་ ༡༡༨ པའི་ཚོགས་གཙོ་གསར་པ།
2023.01.16
ཨ་མི་རི་ཀའི་གྲོས་ཚོགས་སྐབས་ ༡༡༨ པའི་ཚོགས་གཙོ་གསར་པར་སྤྱི་མཐུན་ཚོགས་པའི་འཐུས་མི་ ཀེཝིན་མེཁཀཱརཐི་ལགས་འོས་བསྡུའི་ལས་རིམ་ཐེངས་ ༡༥ གནང་རྗེས་མཐར་ཚོགས་གཙོར་འཁོད་ཡོད་པ་ནི། ༡༨༦༠ ལོའི་རྗེས་ཚོགས་གཙོ་འོས་འདེམས་གནང་རྒྱུར་དུས་ཡུན་རིང་ཤོས་ཤིག་ཏུ་གྱུར་ཡོད་པས། ལོ་རྒྱུས་ཀྱི་དོན་སྙིང་དུ་གྱུར་ཡོད་པ་རེད། ཐེངས་འདིའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་། བཀྲིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་ཨ་རིའི་མང་གཙོའི་འགྲོ་ལུགས་ཀྱི་ནང་ནས་ཁྲིམས་བཟོ་ལྷན་ཚོགས་ཀྱི་འགྲོ་ལུགས་དང་ལྷག་པར་ཚོགས་གཙོ་ཕེབས་ཕྱོགས་ཐད་དཔྱད་གཞིའི་གླེང་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ།