རྒྱ་གཞུང་གི་སྡུག་རྩུབ་ཅན་གྱི་སྲིད་ཇུས་ཐེར་འདོན་དང་འབྲེལ་རྒྱལ་ཚོགས་སུ་ཞུ་སྐུལ།
2023.02.15
རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རིག་གནས་ཐོབ་ཐང་ཚོགས་ཆུང་ནས་རྒྱ་ནག་ཐོག་བསྐྱར་ཞིབ་ཀྱི་ཚོགས་འདུའི་གོང་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ Loyala ཁྲིམས་ལུགས་སློབ་ཆེན་གཉིས་ཀྱིས་རྒྱ་ནག་གཞུང་ནས་བོད་ནང་ཞིང་འབྲོག་མི་མང་བཙན་བཤེད་ཀྱི་གནས་སྤོ་དང་། བོད་རྒྱ་མི་རིགས་མཉམ་བསྲེས་གཏོང་བའི་སྲིད་ཇུས། དེ་བཞིན་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བའི་སྡུག་རྩུབ་ཅན་གྱི་སྲིད་ཇུས་སོགས་ཐེར་འདོན་གྱི་ཞུ་སྐུལ་གནང་པའི་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རྒྱལ་ཚོགས་སུ་ཞུ་གཏུག་ལས་འགུལ་སྣེ་འཁྲིད་པ་Kai Mueller ལགས་སུ་ འདི་གའི་ལས་བྱེད་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་བཅར་འདྲི་ཕྱོགས་བསྒྲིགས་ཞུས་པ་གསན་རོགས་གནང་།།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།