ཨོ་ལིམ་པིཀསི་རྩེད་འགྲན་གྱི་དཔལ་འབར་རྒྱ་ནག་ལ་རྩིས་སྤྲོད་སྐབས་ངོ་རྒོལ།
ཐེངས་འདིའི་ཁ་བའི་གྲོས་རྭ་ཞེས་པའི་ལེ་ཚན་ནང་། ༢༠༢༢ ལོའི་དགུན་དུས་ཀྱི་རྒྱལ་སྤྱིའི་ཨོ་རྩལ་རྩེད་འགྲན་གྱི་དཔལ་འབར་དེ་རྒྱ་ནག་ལ་རྩིས་སྤྲོད་བྱེད་པ་དང་བསྟུན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་མི་རིགས་གསར་པའི་གཞོན་སྐྱེས་འཐབ་རྩོད་པ་ཁག་ཅིག་གཙོས་པའི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་བཞི་དང་ཧོ་ཀོང་གི་དམངས་གཙོ་ལས་འགུལ་བ་དང་འཛམ་གླིང་ཡུ་གུར་ལྷན་ཚོགས་བཅས་གཅིག་སྒྲིལ་གྱི་ཐོག་ནས་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་བསྟུན་མ་ཐེངས་འགའ་སྤེལ་ཡོད། གཞན་ཡང་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཚོགས་གནང་ཡོད་པས་ཉིན་འགའ་ཤས་ཀྱི་རིང་གྷི་རི་ས་ནང་ཨོ་རྩལ་དཔལ་འབར་མེ་སྒྲོན་གྱི་མཛད་སྒོ་དང་རྒྱ་ནག་ལ་དཔལ་འབར་རྩིས་ལེན་གྱིས་བར་གོ་སྐབས་དེ་ཟིན་ནས་བོད་དོན་འཐབ་ཙོད་པས་ངོ་རྒོལ་ལས་འགུལ་ཇི་ལྟར་སྤེལ་བའི་ནུས་པ་དང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་དོ་སྣང་སོགས་ཁ་བའི་གྲོས་རྭ་ལེ་ཚན་ནང་གནད་དོན་དེ་དག་དང་འབྲེལ་གྷི་རི་སི་ནང་ཡོད་པའི་ཡུ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱིས་འགུལ་བ་བསྟན་འཛིན་གནས་ཚང་ལགས་དང་ནུ་ཡོབ་ཏུ་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འབྲེལ་མཐུད་པ་བློ་བཟང་ཚེ་བརྟན་ལགས་རྣམ་པ་གཉིས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བཅའ་འདྲི་བྱེད་པ་གསན་རོགས་ཞུ།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།