ཉི་མ་རྡོ་རྗེ་ལགས་སུ་ཁེ་ཎ་ཌའི་ནང་གི་རྒྱལ་ཡོངས་སྤྱི་དམངས་ཀྱི་གཟེངས་རྟགས་མཐོ་གྲས་ཤི ག་ཐོབ་འདུག
2024.07.02
ཁེ་ཎ་ཌའི་ནང་སྤྱི་ཚོགས་ཞབས་ཞུ་སྒྲུབ་མཁན་ལ་ཆེ་བསྟོད་ཞུ་བའི་གཟེངས་རྟགས་(Order of Canada)་ཞེས་པ་ནི་རྒྱལ་ཡོངས་སྤྱི་དམངས་ཀྱི་གཟེངས་རྟགས་མཐོ་གྲས་ཤིག་ཡིན་པ་དང་། ཕྱི་ལོ་ ༢༠༢༤ ལོའི་གཟེངས་རྟགས་དེ་གནང་ཡུལ་ཁོངས་སུ་ཁེ་ཎ་ཌའི་ཨེལ་སྦར་ཊ་ས་གནས་སུ་གནས་བཞུགས་འཛུགས་སྐྲུན་བཟོ་བཀོད་ཇུས་འགོད་པ་བོད་མི་ཉི་མ་རྡོ་རྗེ་ལགས་སུ་ཡོད་པ་ཕྱི་ཟླ་ ༦ ཚེས་ ༢༧ ཉིན་གཞུང་འབྲེལ་གསལ་བསྒྲགས་གནང་འདུག གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཉི་མ་རྡོ་རྗེ་ལགས་དང་ལྷན་ཁོང་གི་མི་ཚེའི་ལོ་རྒྱུས་དང་འབྲེལ་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།