ཨོ་ལིམ་པིཀསི་རྩེད་འགྲན་དེ་ཡུལ་གྲུ་གཞན་ཞིག་ལ་གནས་སྤོ་དགོས།
2021.07.20

ཐེངས་འདིའི་རང་དབང་གི་གླེང་སྟེགས་ལེ་ཚན་ནང་། འདི་ཟླའི་ཚེས་༡༣་སྟེ་གཟའ་མིག་དམར་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་ལོ་རྗེས་མར་འཚོགས་འཆར་ཡོད་པའི་དགུན་དུས་ ཨོ་ལིམ་པིཀསི་རྩེད་འགྲན་དེ་ཡུལ་གྲུ་གཞན་ཞིག་ལ་གནས་སྤོ་དགོས་པ་དང་དེ་མིན་དེའི་ནང་མཉམ་བཞུགས་མ་བྱས་པར་ངོ་རྒོལ་བྱེད་དགོས་སྐོར་བོད་མི་དང་ཡུ་གུར་མི་རིགས། སོག་པོ་དང་ཧོང་ཀོང་། རྒྱ་རིགས་མང་གཙོ་དོན་གཉེར་བ་སོགས་ཀྱིས་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་བའི་གནས་ཚུལ་ཁག་སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།