བལ་ཡུལ་ས་ཡོམ་འོག་མི་གྲངས་༥༠༠༠བརྒལ་བའི་ཚེ་སྲོག་ཤོར་ཡོད་པ།
2015.04.28

༄༅༎ཟླ་འདིའི་ཕྱི་ཚེས་༢༥ཉིན་བལ་ཡུལ་དུ་ས་ཡོམ་ཤུགས་ཚད་བརྒྱད་ལ་ཉེ་བ་ཞིག་བརྒྱབ་ནས་ད་ལྟ་བར་དུ་མི་གྲངས་༥༠༠༠བརྒལ་བ་རྐྱེན་འདས་སུ་ཕྱིན་ཡོད་པ་དང༌། ཁྲི་ཕྲག་ལ་རྨས་སྐྱོན་ཕོག་པ་དེ་བཞིན་བོད་མི་བཞིའི་ཚེ་སྲོག་ཤོར་ཡོད་པ་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ། འདི་གའི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎
གསར་འགོད་པ་ཐུབ་བསྟན་སངས་རྒྱས།
དེ་ནས་བལ་ཡུལ་ནང་ས་འགུལ་འགུལ་རྒྱབ་པའི་རྐྱེན་གྱིས་རྒྱ་གར་གྱི་མི་སེར་༦༦འདས་གྲོངས་དང་རྒྱ་གར་གཞུང་གིས་བལ་ཡུལ་ནས་རྒྱ་གར་གྱི་མི་སེར་༢༠༠༠མིན་ཙམ་ལ་སྨན་བཅོས་བྱས་ཡོད་པའི་སྐོར། བསོད་ནམས་དབང་འདུས་ལགས་ཀྱིས་གནས་ཚུལ་བཏང་བར་གསན་རོགས།
གསར་འགོད་པ་བསོད་ནམས་དབང་འདུས།
བལ་ཡུལ་ནང་ས་འགུལ་བརྒྱབ་ནས་ཉིན་གསུམ་རྗེས་རོགས་སྐྱོབ་ཀྱི་ལས་དོན་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་པའིི་སྐོར་ཆོས་སྐྱིད་ཀྱིས་ཕྱོགས་བསྒྲིགས་ཞུས་པར་གསན་རོགས་ཞུ༎
གསར་འགོད་པ་ཆོས་སྐྱིད།
༄༅། །བལ་ཡུལ་དང་བོད་གཉའ་ལམ་སོགས་སུ་ས་འགུལ་གྱི་གནོད་འཚེ་ཐེབས་པར་བོད་ནང་གི་ས་ ཁུལ་མང་པོ་ཞིག་ཏུ་མཆོད་འབུལ་བསྔོ་སྨོན་གནང་ཡོད་པའི་སྐོར། ཀུན་བཟང་བསྟན་འཛིན་ལགས་ཀྱིས་ངོ་སྤྲོད་གནང་བར་གསན་རོགས་ཞུ༎
གསར་འགོད་པ་ཀུན་བཟང་བསྟན་འདིན།