རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་རྒྱ་ནག་ཏུ་བལྟ་སྐོར་དང་དེའི་མཇུག་འབྲས།

2022.06.20
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་རྒྱ་ནག་ཏུ་བལྟ་སྐོར་དང་དེའི་མཇུག་འབྲས།
ཨེ་ཨེཕ་པི།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་མི་ཤེལ་བྷེཆེལེཊ་མཆོག་གིས་གཙོ་འཛིན་གྱི་ལས་ཡུན་གཉིས་པ་གནང་རྒྱུ་མིན་པ་གསལ་བསྒྲགས་གནང་ཞིང་།  ཉེ་ལམ་ཁོང་རྒྱ་ནག་ནང་བལྟ་སྐོར་ལ་བསྐྱོད་སྐབས།  རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཐོག་སྡུག་རྩུབ་ཀྱི་སྲིད་བྱུས་འཛིན་བཞིན་པའི་ཐད་ཐེར་འདོན་སྐྱོན་བརྗོད་ཚུལ་བཞིན་བྱུང་མེད་པ་སྐྱོན་བརྗོད་བྱུང་ཡོད་ལ། མ་ཟད་བྷེཆེལེཊ་མཆོག་གིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཐད་རྡོག་རོལ་གཏོང་བཞིན་པའི་ཉེས་པ་ཁག་དག་འབུད་བྱེད་པ་དང་གཅིག་འགྱུར་ཆགས་པའི་སྐྱོན་བརྗོད་བྱུང་ཡོད་པ་རེད།  ཐེངས་འདིའི་རྩོམ་སྒྲིག་པའི་གླེང་སྟེགས་ཀྱི་ལས་རིམ་ནང་།  བྷེཆེལེཊ་གྱི་རྒྱ་ནག་ནང་ཕྱོགས་ཕེབས་འདིའི་སྐབས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ནུས་ལྡན་བྱེད་མ་ཐུབ་པ་འདིས་བོད་མི་དང་ཡུ་གུར་བ་ཚོར་ཁྱད་པར་ཇི་བཟོས་དང་།  འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ནས་ཕམ་ཁ་ཤིག་ཏུ་གྱུར་བ་མིན་ནམ་ཞེས་གླེང་གཞིའི་དྲི་བ་ཆེན་པོ་ཞིག་ཏུ་གྱུར་བ་ལྟར།  བཀྲིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་དཔྱད་གླེང་ཞུས་པར་གསན་རོགས་ཞུ།

གསར་འགོད་པ། བཀྲིས་དབང་ཕྱུག་དང་བསྟན་འཛིན་བདེ་སྐྱིད།

རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎