པཎ་ཆེན་རིན་པོ་ཆེའི་གར་ཡོད་གནས་སྟངས་ཐད་ལ་ཐུགས་འཚབ།
2021.05.18

༄༅།།ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་མེ་ཀུ་ལ་པེཀ་ས་ལགས་ཀྱིས་ཡོ་རོབ་གྲོས་ཚོགས་ངོས་ནས་པཎ་ཆེན་རིན་པོ་ཆེའི་གར་ཡོད་གནས་སྟངས་ཐད་ལ་ཐུགས་འཚབ་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཐད་རྒྱ་ནག་གཞུང་གིས་ཐེ་བྱུས་མི་ཡོང་བའི་འགོག་ཐབས་ཀྱི་གྲོས་ཆོད་གྲོས་འཆར་གཅིག་འདོན་འཆར་ཡོད་པ་འདིར་ཤུགས་གནོན་བསྐྱོན་རྒྱུ་ཡིན་པ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་བགྲང་བྱ་ ༢༦ སོང་བའི་དུས་དྲན་ཉིན་གསུངས་ཡོད་པ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་སྙན་སྒྲོན་གནང་བར་གསན་རོགས།།
གསར་འགོད་པ་བཀྲ་ཤིས་དབང་ཕྱུག