རཱ་ཤི་ཡ་ཡིས་རྒྱ་ནག་གིས་ཐེ་ཝན་དང་གྲངས་ཉུང་མི་རིགས་ལ་འཛིན་པའི་སྲིད་ཇུས་དེར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལུགས་བཤད་ཡོད་པ།
2023.09.21

རཱ་ཤི་ཡའི་འབྲེལ་ཡོད་མཐོ་རིམ་དཔོན་རིགས་དང་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡི་ཐུག་འཕྲད་ཀྱིས། ཆེ་མཐོའི་ཕྱི་འབྲེལ་དཔོན་རིགས་ཀྱི་བདེ་འཇགས་ཚོགས་འདུ་ཞེས་པ་ཞིག་འཚོགས་ནས། རཱ་ཤི་ཡ་དང་རྒྱ་ནག་གཉིས་མཉམ་འབྲེལ་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་གདོང་ལེན་བྱ་རྒྱུ་ཡིན་པའི་སྐོར་དང་། རཱ་ཤི་ཡས་རྒྱ་ནག་གིས་ཐེ་ཝན་དང་གྲངས་ཉུང་མི་རིགས་ལ་འཛིན་པའི་སྲིད་ཇུས་དེར་རྒྱབ་སྐྱོར་རྒྱག་རྒྱུ་ཡིན་ཚུལ་བཤད་པ་དེས་བོད་དང་ཐེ་ཝན་སོགས་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་འགྱུར་བ་ཅི་ཞིག་ཐེབས་མིན་སྐོར་ལ། ཀེ་ཐོ་ཡིས་འབྲེལ་ཡོད་ཉམས་ཞིབ་པར་བཅར་འདྲི་བྱས་པ་ཞིག་ལ་གསན་རོགས་གནོངས།།
གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག