༧གོང་ས་མཆོག་གི་༧སྐུའི་ཡང་སྲིད་ཐག་གཅོད་གནང་རྒྱུའི་དབང་ཆ་༧གོང་ས་མཆོག་སྐུ་སྒེར་དང་བོད་མི་མང་ཚོགས་ལ་ཡོད་པ་ལས་རྒྱ་ནག་ལ་མེད་ཅེས་གསུངས་བ།
2023.01.27

སྐབས་དོན་གླེང་མོལ་གྱི་ལེ་ཚན་ནང་། འཛམ་གླིང་ཁྱོན་ཡོངས་སུ་རྗེས་འབྲང་པ་ས་ཡ་མང་པོ་ཡོད་པའི་ཉི་ཧོང་ནང་པའི་མནའ་འབྲེལ་མཐུན་ཚོགས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ་ལྟར། ཕྱོགས་ཁག་མང་པོ་ནས་རྒྱ་གཞུང་གིས་ཏཱ་ལའི་བླ་མའི་ཡང་སྲིད་ཐག་གཅོད་དང་ངོས་འཛིན་བྱ་རྒྱུ་ཡིན་ལུགས་བརྗོད་མིན་ལ་མ་ལྟོས་པར། མ་འོངས་༧གོང་ས་མཆོག་གི་༧སྐུའི་ཡང་སྲིད་ཐག་གཅོད་གནང་རྒྱུའི་དབང་ཆ་ཡོངས་རྫོགས་༧གོང་ས་མཆོག་སྐུ་སྒེར་དང་བོད་མི་མང་ཚོགས་ལ་ཡོད་པ་ལས་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་མེད་ཅེས་གསུངས་པའི་ཕྱོགས་ཡོངས་ཀྱི་གནས་ཚུལ་ཆོས་སྐྱིད་ཀྱིས་ཕྱོགས་བསྒྲིགས་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། ཆོས་སྐྱིད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག