བོད་གཙོས་པའི་ཨེ་ཤེ་ཡའི་རྒྱལ་ཁབ་བདུན་གྱི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ།
2021.04.03

གསར་འགྱུར་དང་འབྲེལ་བའི་ལེ་ཚན་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་དམངས་གཙོ་དང་མི་རིགས་སྣ་མང་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་རྒྱ་གར་གྱི་ལྟེ་གནས་ཁང་ནས་ བོད་གཙོས་པའི་ཨེ་ཤེ་ཡའི་རྒྱལ་ཁབ་བདུན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་སྙན་ཐོ་འདོན་སྤེལ་བྱས་པའི་ཐོག་རྒྱ་ནག་གཞུང་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་ཚབས་ཆེའི་རྡལ་བཤིག་གཏོང་བཞིན་པའི་གནད་དོན་ལ་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་མཐུན་མོང་གི་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པ་ནན་བརྗོད་གནང་འདུག ཞིབ་ཕྲའི་གནས་ཚུལ་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་བཅར་འདྲི་ཕྱོགས་སྒྲིག་ཞུས་པ་གསན་རོགས་གནང་།།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།