ཐའེ་ཝན་གྱི་སྲིད་འཛིན་མཆོག་གི་དམ་འབུལ།

༢༠༢༤ ཟླ་ ༥ ཚེས་ ༢༠ ནི་ཐའེ་ཝན་གྱི་སྲིད་འཛིན་འོས་འདེམས་བྱུང་པ་དམངས་གཙོ་ཡར་ཐོན་ཚོགས་པའི་འགོ་ཁྲིད་དང་སྲིད་འཛིན་གཞོན་པའི་འགན་འཁུར་བཞེས་བཞིན་པ་ ལའེ་ཆིང་ཏེ་ (Lai Ching-te) ཡི་ལས་འཁུར་དམ་འབུལ་ཞུ་བའི་ཉིན་མོ་འཁེལ་ཞིང་། ཨ་རི་དང་རྒྱ་ནག་གཉིས་ཀྱི་དབར་ལ་འབྲེལ་བའི་འཕེལ་རིམ་ཁྲོད་ས་ཁམས་ཆབ་སྲིད་དང་ཐའེ་ཝན་གྱི་བདེ་འཇགས་བཅས་ཀྱི་གནད་དོན་ཐོག་ནས་གནད་འགག་ཆེན་པོར་གྱུར་ཡོད་པ་རེད། ཕྱི་ལོ་ ༢༠༢༢ ལོར་སྐབས་དེའི་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་ཐེ་ཝན་དུ་ཕེབས་ནས་ཨ་རི་དང་རྒྱ་ནག་གི་དབར་ལ་ལབ་གླེང་མང་པོ་བྱུང་ཡོད་པ་རེད། ཐེངས་འདིའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲ་ཤིས་དབང་ཕྱུག་ལགས་དང་། གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་ཀྱི་དབར་དཔྱད་གཞིའི་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།