ཐེ་ཝན་སྲིད་འཛིན་གཞོན་པས་བོད་དང་ཧོང་ཀོང་དཔེ་མཚོན་དུ་བཞག་སྟེ་རྒྱ་ནག་དང་ཞི་བའི་གྲོས་མཐུན་བཞག་རྒྱུར་ཐུགས་འདོད་གནང་གི་མེད་པ།
2023.09.13

ཐེ་ཝན་གྱི་ལས་ཐོག་སྲིད་འཛིན་གཞོན་པ་དང་མང་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་William Lai མཆོག་གིས་རྒྱ་ནག་དང་ཞི་བའི་གྲོས་མཐུན་བཞག་པ་ཁག་ལག་ལེན་ཡོང་གི་མེད་པའི་སྐོར་གསུངས་པ་དང་སྦྲགས་དེ་སྔ་རྒྱ་ནག་གིས་བོད་དང་གྲོས་མཐུན་དོན་ཚན་༡༧བཞག་པ་དང་། ཧོང་ཀོང་ནང་ལོ་༥༠་རིང་ཆབ་སྲིད་བཅོས་བསྒྱུར་གཏོང་རྒྱུ་མིན་པའི་ཁས་ལན་དམ་བཅའ་ཁག་དཔེ་མཚོན་དུ་བཞག་གནང་བ་དང་འབྲེལ་ཡོད་སྐོར། ཐེ་ཝན་ནང་བཅའ་བཞུགས་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ལ་སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་ཞལ་པར་བརྒྱུད་གནས་འདྲི་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག