ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་ཁག་ཅིག་གློ་བུར་འཛིན་བཟུང་།


2020.04.18
ཧོང་ཀོང་གི་མང་གཙོའི་ལས་འགུལ་བ་ཁག་ཅིག་གློ་བུར་འཛིན་བཟུང་། འཛིན་བཟུང་བྱས་པའི་མི་སྣའི་ཁོངས་སུ་དགུང་ལོ་༨༡ལ་སོན་པ་མང་གཙོ་ཚོགས་པ་དབུ་འཛུགས་གནང་མཁན་དང་ཁྲིམས་རྩོད་པ་གྲགས་ཅན་Martin Lee
ཨེ་ཨེཕ་པི།

རོའུ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན།

འཛིན་བཟུང་བྱས་པའི་མི་སྣའི་ཁོངས་སུ་དགུང་ལོ་༨༡ལ་སོན་པ་མང་གཙོ་ཚོགས་པ་དབུ་འཛུགས་གནང་མཁན་དང་ཁྲིམས་རྩོད་པ་གྲགས་ཅན་Martin Lee དང་། གཞན་ཡང་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་དགུ་ཡོད་འདུག འོན་ཀྱང་ཉེན་རྟོག་པས་འཛིན་བཟུང་བྱས་པའི་གནས་ཚུལ་དེ་བདེན་པ་ཡིན་མིན་སྐོར་གང་ཡང་བཤད་མི་འདུག་ཀྱང་། གསར་འགྱུར་བརྒྱུད་ལམ་ཁག་ནང་མང་གཙོ་ཚོགས་པའི་ཚོགས་མི་ཁོང་རྣམས་འཛིན་བཟུང་བྱེད་དགོས་དོན་ནི་། སྔ་ལོའི་ཕྱི་ཟླ་༨ཚེས་༡༨ དང་ཕྱི་ཟླ་༡༠ ཚེས་༡༡ ཉིན་མི་མང་ཁྱོན་ཆེས་དྲག་རྩུབ་ཀྱི་ལམ་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་འབྲེལ་བ་ཡོད་ལུགས་གནས་ཚུལ་བཀོད་སྤེལ་བྱས་བཞག དེ་བཞིན་བརྒྱུད་ལམ་ཁག་ནང་སྔ་ལོ་ཧོང་ཀོང་ནང་མང་གཙོའི་ལས་འགུལ་སྤེལ་སྐབས་དཔལ་འབྱོར་གྱི་མཐུན་འགྱུར་གནང་མཁན་ཚོང་པ་གྲགས་ཅན་ Jimmy Lai ཡི་ཁང་པའི་མདུན་ཉེན་རྟོག་པ་སླེབས་པའི་འདྲ་པར་དེ་འདྲ་ཡང་སྟོན་ཡོད་འདུག

ཉེ་སྔོན་ཕྱི་ཟླ་གཉིས་པའི་ཟླ་མཇུག་ཏུ་ Jimmy Lai ཁོང་ལ་མང་གཙོའི་ལས་འགུལ་སྤེལ་སྐབས་དཔལ་འབྱོར་གྱི་རྒྱབ་སྐྱོར་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་རེད། འོན་ཀྱང་དེ་རིང་གློ་བུར་འཛིན་བཟུང་བྱས་པའི་མང་གཙོ་ཚོགས་པའི་མི་སྣའི་ཁོངས་སུ་Jimmy Lai ཁོང་ཡོད་མེད་གསལ་པོ་མིན་འདུག དེ་རིང་གློ་བུར་རྒོལ་རྡུང་བཏང་ནས་འཛིན་བཟུང་བྱས་པ་དེ་ནི་སྔ་ལོའི་ཕྱི་ཟླ་དྲུག་པའི་ཟླ་མཇུག་རྗེས་སུ་མང་གཙོ་ཚོགས་པའི་གནས་ཡོད་མི་སྣའི་ཐོག་རྒོལ་རྡུང་ཆེ་ཤོས་བཏང་བ་ཞིག་ཡིན་པ་རེད།

ཏོག་དབྱིབས་ནད་དུག་རྐྱེན་པས་འགྲུལ་བཞུད་བཀག་འགོག་གནང་བ་སོགས་ཀྱི་ཆ་ནས་འདས་པའི་ཟླ་བ་ཁ་ཤས་རིང་ཧོང་ཀོང་ནང་ཆབ་སྲིད་ཀྱི་རྙོག་དྲ་མེད་པར་ཁ་ཁུ་སིམ་པོར་གནས་པའི་རྗེས་དེ་རིང་རེས་གཟའ་སྤེན་པའི་ཉིན་མང་གཙོ་ཚོགས་པའི་ཚོགས་མི་ཁྱོན་ཆེ་འཛིན་བཟུང་བྱས་པའི་གནས་ཚུལ་འདི་བྱུང་བ་ཞིག་ཡིན་པ་རེད།རྒྱ་ནག་གཞུང་དང་ཧོང་ཀོང་ས་གནས་སྲིད་གཞུང་གིས་ཧོང་ཀོང་རྒྱལ་ནང་གི་བདེ་སྲུང་དོ་ནན་དུ་གཏོང་ཐབས་སུ་བདེ་སྲུང་ཀྱི་ཁྲིམས་གཞི་གསར་པ་དེ་འདྲ་བཟོ་ཐབས་སུ་འབད་བརྩོན་བྱེད་མུས་ཡིན་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎