འཇར་མ་ནི་ནི་སོ་སོའི་ཁེ་ཕན་ཆེད་རྒྱ་ནག་དང་འབྲེལ་བ་ཡོད་མུས་རེད། ཀཡེ་ མུ་ལར་གྱིས།
2020.09.02

འཇར་མ་ནི་གཞུང་གིས་གཞི་རྩའི་བོད་པའི་གནས་དོན་ལ་རྒྱབ་སྐྱོར་གནང་གི་ཡོད་ན་ཡང་ཡོ་རོབ་ཀྱི་རྒྱལ་ཁབ་གཞན་ཚོས་བོད་དོན་ཐོག་འཛེམས་ཟོན་མེད་པར་རྒྱབ་སྐྱོར་ཆེ་བ་གནང་ཡོད། འཇར་མ་ནི་ནི་ད་ལྟའི་ཆར་སོ་སོའི་ཁེ་ཕན་ཆེད་རྒྱ་ནག་དང་མཉམ་དུ་འབྲེལ་བ་ཡོད་མུས་ཡིན། འཇར་མན་གཞུང་འདི་བཞིན་ཐེ་ཚོམས་དང་དོགས་ཟོན་ཅན་གྱི་གཞུང་ཞིག་ཏུ་རྒྱུར་ཡོད་པ་འཇར་མ་ནི་རྒྱལ་ས་སྦར་ལིན་ནང་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་གྱི་གཙོ་འཛིན་སྐུ་ཞབས་ Kai Muellerལགས་ཀྱིས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད་པའི་སྐོར་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།