དབྱིན་ཇིའི་རྒྱལ་ཡོངས་འགྲེམས་སྟོན་ཁང་གིས་བོད་ཀྱི་ཤུལ་བཞག་རིག་གནས་ལ་འཁྱོག་བཤད་བྱས་ཏེ་རྒྱ་གཞུང་གི་བོད་ཐོག་འཛིན་པའི་ལངས་ཕྱོགས་སྐོར།

2025.01.30
དབྱིན་ཇིའི་རྒྱལ་ཡོངས་འགྲེམས་སྟོན་ཁང་གིས་བོད་ཀྱི་ཤུལ་བཞག་རིག་གནས་ལ་འཁྱོག་བཤད་བྱས་ཏེ་རྒྱ་གཞུང་གི་བོད་ཐོག་འཛིན་པའི་ལངས་ཕྱོགས་སྐོར།
Reuters

བོད་དང་རྒྱལ་སྤྱིའི་གནས་བབ་ཞེས་པའི་ལེ་ཚན་ནང་། དབྱིན་ཇིའི་རྒྱལ་ཡོངས་འགྲེམས་སྟོན་ཁང་གིས་བོད་ཀྱི་ཤུལ་བཞག་རིག་གནས་ལ་འཁྱོག་བཤད་བྱས་ཏེ་རྒྱ་གཞུང་གི་བོད་ཐོག་འཛིན་པའི་ལངས་ཕྱོགས་ལ་ཁྲིམས་མཐུན་གནས་བབ་སྤྲད་པར་དབྱིན་ཡུལ་ནང་གི་བོད་མིའི་ཚོགས་པ་ཁག་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སོགས་ཀྱིས་འགྲེམས་སྟོན་གྱི་ཡིག་ཆ་ཡོངས་ནས་ཤི་ཙང་རང་སྐྱོང་ལྗོངས་ཞེས་པའི་ཐ་སྙད་ཕྱིར་འཐེན་བྱེད་དགོས་ཞེས་དང་དེས་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་གི་ངོ་བོར་གནོད་སྐྱོན་ཚབས་ཆེན་གཏོང་གི་ཡོད་པའི་ཞུ་འབོད་སོགས་རིམ་པ་གནང་ཡོད་སྟབས་། ད་ལྟ་གནད་དོན་འདིའི་འཕེལ་རིམ་དང་དབྱིན་ཇིའི་འགྲེམས་སྟོན་ཁང་གིས་སེམས་འཚབ་བྱུང་བ་རྣམས་ངོས་ལེན་བྱས་ཡོད་མེད་སྐོར་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་ནང་དུ་རྟེན་གཞི་བྱས་པའི་བོད་གཙོས་པའི་མནར་གཅོད་མྱོང་མཁན་གྲངས་ཉུང་མི་རིགས་ཆེད་དུ་རྒྱལ་སྤྱིའི་གནའ་འབྲེལ་ཚོགས་པའི་ལས་བྱས་ཚེ་རིང་པ་སང་ལགས་ལ་བཅར་འདྲི་ཞུས་པ་གསན་རོགས་གནང་།

གསར་འགོད་པ།  བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ།   རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་སྤེལ་མཁན།  ནོར་སྒྲོན། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎