བོད་པའི་ནང་ཆོས་ཀྱི་གནའ་ཤུལ་དངོས་རྫས་ཁག་༣༨རྒྱ་ནག་ལ་ཕྱིར་སློག་བྱས་པ།

2024.05.22
བོད་པའི་ནང་ཆོས་ཀྱི་གནའ་ཤུལ་དངོས་རྫས་ཁག་༣༨རྒྱ་ནག་ལ་ཕྱིར་སློག་བྱས་པ།
རྒྱ་ནག་གི་གཞུང་འབྲེལ་དྲྭ་ཚིགས།

ཁ་བའི་གྲོས་ཪྭ་ལེ་ཚན་ནང་བོད་པའི་ནང་ཆོས་ཀྱི་གནའ་ཤུལ་དངོས་རྫས་ཁག་༣༨རྒྱ་ནག་ལ་ཕྱིར་སློག་བྱས་པའི་གནད་དོན་ཐད་དབྱེ་ཞིབ་བྱས་པ།

ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་གི་(Manhattan)་རྫོང་གི་ཁྲིམས་རྩོད་ལས་ཁང་གི་གནའ་ཤུལ་རིག་དངོས་ནག་ཚོང་དོ་དམ་སྡེ་ཚན་གྱིས། ༢༠༢༤ཟླ་༤ཚེས་༡༧ཉིན་གནའ་ཤུལ་དངོས་རྫས་༣༨བོད་བརྒྱུད་ནང་བསྟན་གྱི་དངོས་རྫས་ཡིན་པའི་ངོ་རྟགས་བཟུང་རྗེས་དེ་དག་རྒྱ་ནག་ལ་ཕྱིར་སྤྲོད་བྱ་རྒྱུའི་མཛད་སྒོ་ཞིག་གྲོང་ཁྱེར་དེའི་ནང་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁུངས་སུ་འཚོགས་འདུག་ཅིང་། མཛད་སྒོའི་ཐོག་རྒྱ་ནག་གི་རིག་གཞུང་དང་ཡུལ་སྐོར་སྤྲོ་འཆམ་ལས་ཁང་གི་བློན་ཆེན་གཞོན་པ་(Li Qun)་དང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ཡན་ལག་ཁང་གི་དོན་གཅོད་(Huang Ping)་བཅས་མཉམ་ཞུགས་བྱས་ཡོད་འདུག

དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་ཨ་རིའི་མངའ་སྡེའི་གཞུང་གིས་རྒྱ་ནག་ལ་བོད་མིའི་དངོས་རྫས་ཕྱིར་སློག་བྱས་པར་ངོ་རྒོལ་སྐྱོན་བརྗོད་གནང་མཁན་ (Santa Fe)བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་རྒན་གྲས་ཡིན་པ་བླ་མ་དབང་ཕྱུག་རྒྱལ་མཚན་ལགས་དང་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་གནས་སྡོད་བོད་མི་ཁྲིམས་རྩོད་པ་བསྟན་འཛིན་དབང་རྒྱལ་ལགས་རྣམ་པ་གཉིས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་གླེང་མོལ་ཞུས་པ་གསན་རོགས་གནང་།

གསར་འགོད་པ། རྡོ་རྗེ་དགྲ་འདུལ།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎