ཧི་མ་ལ་ཡའི་འཁྱགས་རོམ་རྒྱ་ཆ་༨༠ཙམ་ཞུར་ངེས་པའི་ཉེན་བརྡ་བཏང་ཡོད་པ།
2023.06.29

བལ་ཡུལ་ནང་རྟེན་གཞི་བྱེད་པའི་གནམ་གཤིས་འགྱུར་ལྡོག་ཞིབ་འཇུག་ཁང་ཞིག་གིས་སའི་གོ་ལའི་ཚ་དྲོད་འཕར་བའི་རྐྱེན་གྱིས་ལོ་རབས་འདིའི་ནང་ཧི་མ་ལ་ཡའི་འཁྱགས་རོམ་རྒྱ་ཆ་༨༠ཙམ་ཞུར་ངེས་པའི་ཉེན་བརྡ་བཏང་ཡོད་ཅིང་། མཐོ་སྒང་བོད་ནང་ཚ་དྲོད་འཕར་བའི་རྒྱུ་རྐྱེན་གཙོ་བོ་ནི། རྒྱ་ནག་གཞུང་གིས་རྨང་གཞིའི་འཛུགས་སྐྲུན་གཞི་རྒྱ་ཆེན་པོ་བྱས་དང་བྱེད་བཞིན་པར་ཐུག་གི་ཡོད་པའི་སྐོར། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་དོན་གྲུབ་དབང་མོ་ལགས་སུ་འདི་གའི་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་བཀའ་འདྲི་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག