རྒྱ་ནག་ལ་ཕྱི་འབྲེལ་ཐབས་བྱུས་ཀྱི་ཐོག་ནས་གནོན་ཤུགས་སྤྲོད་རྒྱུ་ཡིན།

(ཨེ་ཨེཕ་པི།)

0:00 / 0:00

ཨ་རིའི་ཕྱི་སྲིད་དྲུང་ཆེས་ཨེ་ལི་ཝེ་སེལ་མཚན་གནས་རྗེས་འབྲེལ་གྱི་མི་རིགས་རྩ་མེད་དང་དྲག་རྩུབ་འགོག་པའི་ཁྲིམས་ཡིག་འབྲུ་དོན་གྱི་གྲོས་ཚོགས་ལ་ཕུལ་བའི་ ༢༠༢༡ ལོའི་སྙན་ཐོ་ཡོངས་ཁྱབ་གནང་བའི་ནང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཤིན་ཅང་ནང་དུ་མི་རིགས་རྩ་མེད་ཀྱི་ལས་དོན་སྤེལ་བཞིན་པ་དང་། ཡུ་གུར་མི་རིགས་ཀྱི་ཐོག་ལ་མི་སྤྱོད་ལས་འདས་པའི་ནག་ཉེས་བྱེད་བཞིན་ཡོད་པ་ནན་བརྗོད་གནང་པ་དང་། འབྲེལ་ཡོད་སྙན་ཐོ་བཏོན་མཁན་གྱི་སྡེ་ཚན་གྱི་ཐུགས་འགན་བཞེས་མཁན་དྲུང་ཆེ་ལས་རོགས་ལས་ཚབ་ Robert Faucher ལགས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཕྱི་འབྲེལ་ཐབས་བྱུས་ཀྱི་ཐོག་ནས་གནོན་ཤུགས་སྤྲོད་རྒྱུ་ཡིན་པ་གསུངས་ཡོད་པ་རེད། བཀྲིས་དབང་ཕྱུག་ལགས་ཀྱིས་སྙན་སྒྲོན་ཞུ་གི་རེད།