ཀེ་ལི་ཕོར་ནི་ཡའི་སྤྱི་ཁྱབ་ནས་རྒྱ་ནག་ནང་འཚམས་གཟིགས།
2023.10.25
ཨ་མེ་རི་ཀའི་ནུབ་ཕྱོགས་མངའ་སྡེ་ཀེ་ལི་ཕོར་ནི་ཡའི་སྤྱི་ཁྱབ་བམ་ Governor Gavin Newsom ལགས་རྒྱ་ནག་ནང་འདི་ཟླའི་ཚེས་༢༣ཉིན་ནས་བཟུང་བདུན་ཕྲག་གཅིག་རིང་འཚམས་གཟིགས་ལ་ཕེབས་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སློང་གནང་རྒྱུ་མིན་ལུགས་གསུངས་པ་དེར་བོད་མི་དང་ཧོང་ཀོང་བ། ཡུ་གུར་མི་རིགས་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཁག་༦༣་གྱིས་ངོ་རྒོལ་འཁོད་པའི་བསྒྲགས་གཏམ་ཞིག་སྤེལ་བའི་སྐོར་སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།