འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཆེས་མཐོའི་ལྷན་ཚོགས་ཀྱིས་ཕྱིར་བསྒྲགས་ནང་གལ་ཆེ་ཐག་གཅོད་བྱས་པ་ཁག་ཅིག
ཉི་ཧོང་རྒྱལ་ས་ཧེ་རོ་ཤེ་མ་རུ་བསྐོང་ཚོགས་གནང་བའི་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་ཐོག རྒྱ་ནག་དང་ཐ་དད་མ་བྱས་པའམ་འབྲེལ་ཐག་མ་གཅོད་པའི་ཐོག་ཉེན་ཁ་ཆུང་རུ་གཏོང་ཐབས་ཀྱི་སྲིད་ཇུས་ཤིག་འཛིན་རྒྱུ་ཡིན་ཞིང་། དེ་ཡང་རྒྱ་ནག་ལ་གནོན་ཤུགས་ཆེ་དྲག་ནས་གྲོགས་མེད་ཁེར་རྐྱང་དུ་བཟོས་ན་འགྲིག་ཐབས་མེད་པའི་བསམ་ཚུལ་དེ་ཉི་ཧོང་དང་ཡོ་རོབ་ལྷན་ཚོགས་ཀྱི་སེམས་འཚབ་མངོན་པ་བྱས་ཡོད་པ་རེད་བཅས་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་འདུག ལྷན་ཚོགས་མཇུག་བསྒྲིལ་རྗེས་ནུབ་ཕྱོགས་རྒྱལ་ཁབ་སྣེ་ཁྲིད་མཁན་འབྱོར་ལྡན་རྒྱལ་ཁབ་བདུན་གྱིས་ཟུང་འབྲེལ་ཕྱིར་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། རྒྱ་ནག་ཐོག་ལ་གཅིག་གྱུར་གྱི་ལངས་ཕྱོགས་དང་།ལྷག་པར་དུ་བོད་ནང་གཙོས་པའི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐོང་གནས་སྟངས་ཐད་མུ་མཐུད་ཐེར་འདོན་བྱེད་རྒྱུ་དང་ར་ཤི་ཡས་ཡུཀེ་རེན་ནང་དམག་འཐབ་མཚམས་འཇོག་ཡོང་ཐབས་གཞན་ཡང་རྡུལ་ཕྲན་མཚོན་ཆ་འགོག་ཐབས་སོགས་ཀྱི་སྐོར་གླེང་ཡོད་པ་རེད།
དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་། འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཆེས་མཐོའི་ལྷན་ཚོགས་ཀྱིས་ཕྱིར་བསྒྲགས་ནང་གལ་ཆེ་ཐག་གཅོད་བྱས་པ་ཁག་གཅིག་གི་སྐོར། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ཟུར་པ་དང་། བོད་དོན་དབྱེ་ཞིབ་པ་བསྟན་འཛིན་ཉིད་བྱེད་ལགས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་དབར་བགྲོ་གླེང་བྱས་པ་ཞིག་ཉན་རོགས་ཞུ།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།