ཉི་ཧོང་སྲིད་བློན་ཟུར་པ་ཨ་བྷེ་མཆོག་གིས་བོད་དོན་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་གསུངས་པ།
2020.10.31

ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་། དོན་གཅོད་ཟུར་པ་ལུང་རྟོགས་ལགས་རྣམ་གཉིས་ཀྱིས་ཉི་ཧོང་གི་སྲིད་བློན་ཟུར་པ་མཇལ་འཕྲད་སྐབས་སྲིད་བློན་ཟུར་པ་ཨ་བྷེ་མཆོག་གིས་བོད་དོན་ཐད་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་གསུངས་འདུག དེའི་སྐོར་དབྱངས་སྒྲོལ་ལགས་ཀྱིས་ཉི་ཧོང་སྐུ་ཚབ་དོན་གཅོད་མཆོག་ལ་གནས་འདྲི་ཞུས་སྟེ་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་དེ་གསན་རོགས་གནང་།