སྦཡེཌན་དང་ཞི་ཅིན་ཕིང་གི་མཇལ་འཕྲད་ཐོག་མ།
ཨ་རིའི་སྲིད་འཛིན་སྦཡེཌན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་རྒྱལ་ཁབ་སོ་སོའི་སྲིད་འཛིན་ངོ་བོའི་ཐོག་ནས་དཔལ་འབྱོར་ཡར་ཐོན་དང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ ༢༠ ཚོགས་འདུ་དེ་བཞིན་ཨིཎཌོ་ནེཤི་ཡའི་གྲོང་ཁྱེར་སྦ་ལི་རུ་ཚོགས་པའི་གོང་ལ་ཆུ་ཚོད་ ༣ ཙམ་གྱི་རིང་ལ་མཇལ་མོལ་གནང་པ་ནི། འཛམ་གླིང་གི་ཆབ་སྲིད་འཕོ་འགྱུར་ཐད་དོ་སྣང་གནང་མཁན་ཡོངས་ཀྱིས་ལྟ་ཞིབ་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་ལ། མཇལ་མོལ་སྐབས་སུ་གྲོས་གཞི་གཙོ་བོ་གཅིག་ནི་ཐེ་ཝན་གྱི་བདེ་འཇགས་དང་འབྲེལ་བ་ཆགས་ཡོད་པ་རེད། སྲིད་འཛིན་སྦཡེཌན་མཆོག་གིས་མཇལ་མོལ་འདིའི་སྐབས། ཤིན་ཅང་དང་བོད་། འགྲོ་བ་མིའི་ཐོབ་ཐང་གི་ཐོག་ལ་ཁྱོན་ཡོངས་ནས་གླེང་ཡོད་པ་རེད། ཐེངས་འདིའི་བདུན་རེའི་དཔྱད་བརྗོད་ཀྱི་གླེང་སྟེགས་ཀྱི་ལས་རིམ་ནང་། དབུ་ཁྲིད་གཉིས་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོར་འཁོད་པའི་མཇལ་མོལ་འདིར་ཕྱིར་བལྟ་ཞུ་སླད་བཀྲིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་དཔྱད་གླེང་ཞུས་པ་འདི་གསན་རོགས་གནང་།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།