རྒྱ་ནག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཐད་ཐེ་བྱུས་བྱེད་མཚམས་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ།

འདི་ཟླའི་ཚེས་༢༤་ཉིན་ཡོ་རོབ་མཐུན་ཚོགས་ཀྱི་ལྟེ་གནས་བྷེལ་ཇམ་གྱི་རྒྱལ་ས་(Brussels)་རུ་ཡོ་རོབ་ནང་གི་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་འཚོགས་སྐབས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་སྐུའི་ཡང་སྲིད་གཙོས་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ལམ་སྲོལ་ནང་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་མཚམས་འཇོག་དགོས་པ་དང་། ཡོ་རོབ་ནང་པའི་མཐུན་ཚོགས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བོད་ཀྱི་བླ་ཆེན་རྣམ་པའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་སྐུ་དབང་དེ་༧མགོན་པོ་གང་ཉིད་དང་དགའ་ལྡན་ཕོ་བྲང་ཡིག་ཚང་། དེ་བཞིན་བོད་མི་མང་ལ་ཡོད་སྟབས་བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ་བཞིན་ངོས་འཛིན་ཞུ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཡོད་པའི་སྐོར།
འདི་གའི་གསར་འགོད་པ་ཆོས་སྐྱིད་ལགས་ཀྱིས་ཕྱོགས་སྒྲིག་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། ཆོས་སྐྱིད།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག