ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གི་འབྲེལ་བའི་ཁྲོད་ཀྱི་བོད་དོན་གླེང་སློང་།
2020.09.19
ཡོ་རོབ་མཐུན་ཚོགས་ཀྱི་སྤྱི་ཁྱབ་གཙོ་འཛིན་གྱིས་འདི་ལོའི་ལོ་མཇུག་ཏུ་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་བགྲོ་གླེང་ཚོགས་འདུ་ཚོགས་རྒྱུ་ངེས་པ་དང་། བོད་དུ་ཡང་ཞིབ་རྟོག་ལྟ་སྐོར་དུ་ཕེབས་ཐུབ་པའི་རེ་བ་ཡོད་པ་གསུངས་ཤིང་། ཉེ་བའི་ཆར་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ ༥༠ སྐོར་ཞིག་གིས་བོད་ནང་དུ་ཡོ་རོབ་སྐུ་ཚབ་འགྲོ་བཅུག་དགོས་པའི་ཞུ་སྐུལ་གནང་བ་སོགས་ཡོ་རོབ་མཐུན་ཚོགས་ཀྱི་རྒྱ་ནག་ཐོག་སྲིད་བྱུས་འཛིན་སྟངས་མཁྲེགས་སུ་གཏོང་བའི་དུས་འདིར། ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གི་འབྲེལ་བའི་ཁྲོད་ཀྱི་བོད་དོན་གླེང་སློང་ཞེས་པའི་བརྗོད་གཞིའི་ཐད་དབྱིན་ཡུལ་ཨོཀྶྀ་ཕོརྜ་སློབ་ཆེན་ནས་འབུམ་རམས་པའི་སློབ་གཉེར་གནང་བཞིན་པ་གནད་དོན་དབྱེ་ཞིབ་པ་སྦྲ་རིགས་ཀུན་བཟང་ཐོགས་མེད་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།