ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་འཆར།

2024.09.14
ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་འཆར།
བཀྲིས་དབང་ཕྱུག

ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་འཆར་འོག་ཨ་རིའི་ནུབ་བྱང་གཙུག་ལག་སློབ་ཆེན་ནང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་འཆར་འོག་རྒྱུན་སྐྱོང་གི་ལས་གཞིར་ཕྱི་ལོ་ ༢༠༢༢ ནས་ལོ་གསུམ་རིང་གི་བྱེས་ཀྱི་གདན་ས་དང་དགོན་སྡེ་ཁག་བཅུ་ནས་དགེ་བཙུན་རྣམས་ལ་ཚན་རིག་གི་བརྟག་དཔྱད་ཁང་ཁག་ནང་ཞིབ་འཇུག་གི་ལས་རིམ་གནང་ཕྱོགས་ཐད་སྦྱོང་བརྡར་གནང་པའི་ཁོངས་ལོ་གསུམ་པའམ་མཐའ་མ་འདི་གནང་བཞིན་ཡོད་ཅིང་། འདི་ནང་བརྟག་ཞིབ་ཀྱི་ཆེད་གྲངས་ཐོ་བསྡུ་རུབ་གནང་ཕྱོགས་ཐད་སྦྱོང་བརྡར་གནང་འདུག ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་འཆར་འོག་སློབ་མཐར་སོན་པའི་འབུམ་རམས་པ་བསྟན་འཛིན་བསྟན་སྐྱོང་ལགས་དང་། འབྲས་སྤུངས་བློ་གསལ་གླིང་ནས་རྒན་བསོད་ནམས་དགྲ་འདུལ་ལགས། ཆོས་སྡེ་བཀྲིས་ལྷུན་པོ་ནས་རྒན་རྡོ་རྗེ་ལོ་ཊསི་ལགས། རྭ་སྟོད་གྲྭ་ཚང་ནས་རྒན་བློ་བཟང་དབང་འདུས་ལགས་བཅས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།

གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎