ཨེལ་སེ་རི་ཊོ་གྲོང་ཁྱེར་ནས་བོད་དོན་རྒྱབ་སྐྱོར་གནང་རྒྱུ།


2018.03.07
ཨེལ་སེ་རི་ཊོ་གྲོང་ཁྱེར་ནས་བོད་དོན་རྒྱབ་སྐྱོར་གནང་རྒྱུ། ཁེ་ལི་ཕོར་ནི་ཡའི་ཨེལ་སེ་རི་ཊོ་(El Cerrito) གྲོང་ཁྱེར་ནས་གསུམ་བཅུའི་དུས་དྲན་བོད་ཀྱི་ཉིན་མོར་སྲུང་བརྩི་བྱེད་རྒྱུའི་གཏན་འབེབས་གནང་བ།
བཀྲ་ཤིས་དབང་ཕྱུག

༄༅༎ཨ་མི་རི་ཀའི་ནུབ་རྒྱུད་ས་ཁུལ་ཁེ་ལི་ཧྥོར་ནི་ཡའི་ El Cerrito གྲོང་ཁྱེར་ནས་ཕྱི་ཟླ ༣ ཚེས་ ༦ ཉིན་གྱི་དགོང་མོ་གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་གྲོས་གཞི་སྣ་མང་ལ་བཀའ་བསྡུར་གནང་བའི་ཁྲོད། གྲོང་ཁྱེར་གྱི་ཕྱི་འབྲེལ་ལྷན་ཚོགས་ཀྱི་ཐུགས་ཁུར་བཞེས་ཏེ་ས་གནས་འདིར་མི་རིགས་སྣ་མང་ཡོད་པ་རྣམས་ལ་དགའ་བསུ་ཞུ་བཞིན་པ་དང་འབྲེལ། ཨ་རིའི་མི་སེར་གྱི་གནས་བབ་ཡོད་པའི་བོད་མི་མང་པོ་ཞིག་ས་གནས་འདིར་གཏན་སྡོད་གནང་གི་ཡོད་པར་གཞིགས་པས། བོད་མིའི་སྒེར་ལངས་ཀྱི་ཉིན་མོ་ཚེས་ལ་ཉེ་བ་དང་བསྟུན་ནས། གསུམ་བཅུའི་དུས་དྲན་དེ་བཞིན་བོད་ཀྱི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གྲོས་ཆོད་གཏན་འབེབས་གནང་སྟེ། ད་ལྟའི་བོད་མིའི་གནས་སྟངས་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་གནང་སོང་། སྐབས་དེར་གྲོང་ཁྱེར་སྤྱི་ཁྱབ་པ་མཆོག་ནས་བོད་མི་རྣམས་ལ་གྲོང་ཁྱེར་འདིའི་ངོས་ནས་དགའ་མོས་གནང་གི་ཡོད་པ་དང་།  ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་གུས་བཀུར་ཡོད་སྐོར་འགྲེལ་བརྗོད་གནང་བའི་སྐོར་འདི་གའི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎
གསར་འགོད་པ་བཀྲ་ཤིས་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎