ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་གྱི་ཁ་ཕྱོགས་དང་དེའི་ཤུགས་རྐྱེན།

2021.09.15
ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་གྱི་ཁ་ཕྱོགས་དང་དེའི་ཤུགས་རྐྱེན། ཨ་རིའི་སྲིད་འཛིན་དང་འཇཱོ་སྦཡེ་ཌེན་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བར་ཡུལ་གྲུ་གཉིས་ཀྱི་དཀའ་རྙོག་སེལ་ཆེད་ཞལ་པར་བརྒྱུད་བཀའ་མོལ་བྱུང་འདུག
ཨེ་ཨེཕ་པི།

གཟའ་འཁོར་སྔོན་མ་ཨ་རྒྱ་གཉིས་ཀྱི་དབུ་འཁྲིད་གཉིས་ཞལ་པར་བརྒྱུད་བཀའ་མོལ་གནང་སྐབས། ཨ་རིའི་སྲིད་འཛིན་སྦཡེ་ཌེན་མཆོག་གིས་ཨ་རིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཚོང་ལས་སོགས་གནད་དོན་ཁག་ཅིག་གི་ཐོག་ལ་རྒྱ་ནག་གིས་རྒྱལ་སྤྱིའི་རྩ་འཛིན་འགྲོ་ལུགས་དང་མ་མཐུན་པའི་ལས་དོན་ལག་བསྟར་བྱེད་བཞིན་ཡོད་པ་དེ་དག་གི་ཐོག ཨ་རིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུ་མུ་མཐུད་གནས་རྒྱུ་ལས་ཕྱི་བཤོལ་བྱེད་རྒྱུ་མིན་པ་གསལ་པོ་གསུངས་པ་དང་། ཡང་སྲིད་འཛིན་ཞི་ཅིན་ཕིང་གིས་ཉེ་སྔོན་ཨ་རིའི་སྲིད་འཛིན་Trump་སྐབས་སུ། ཨ་རིས་རྒྱ་ནག་ཐོག་གི་ཚོང་དོན་དང་འཕྲུལ་རིགས། འགྲོ་བ་མིའི་ཐོབ་ཐང་དང་། ཏོག་དབྱིབས་ནད་ཡམས་ཀྱི་ཐོག་མའི་འབྱུང་ཁུངས་སོགས་ཀྱི་ཐད་ལ་འཛིན་པའི་སྲིད་ཇུས་དེས། ཡུལ་གཉིས་ཀྱི་འབྲེལ་ལམ་ཐོག་ཚབས་ཆེན་གྱི་དཀའ་ངལ་བཟོས་ཡོད་པ་སོགས་ཡུལ་གཉིས་བར་མ་མཐུན་པའི་གནད་དོན་མང་དག་ཡོད་པའི་གསལ་བཏོན་བྱས་པའི་ཐད། དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་ཨ་རྒྱ་ཕྱོགས་གཉིས་ཀྱིས་ལངས་ཕྱོགས་མཁྲེགས་པོ་འཛིན་པའི་ཕྱི་འབྲེལ་སྲིད་ཇུས་ཐོག་བྱ་ཐབས་བྲལ་བའི་གནས་སྟངས་དེ་མུ་མཐུད་གནས་ཡོད་པ་མ་ཟད་མ་འོངས་སྲིད་འཛིན་རྣམ་གཉིས་དངོས་སུ་མཇལ་འཕྲད་ཀྱི་གྲོས་མོལ་ཡོང་ཐབས་ཀྱི་གནས་ཚུལ་ཡང་གང་ཡང་མེད་སྟབས། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་གྱི་ཁ་ཕྱོགས་དང་དེའི་ཤུགས་རྐྱེན་སྐོར། ཝི་ཇི་ནེའི་གཙུག་ལག་སློབ་གྲྭའི་སྐབས་དོན་དབྱེ་ཞིབ་པ་བསྟན་འཛིན་ཐོས་བསམ་ལགས་དང་ཐེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་གཉིས་དང་ལྷན་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བཀའ་མོལ་ཞུས་པར་གསན་རོགས་ཞུ།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎