ཇར་མན་དུ་རྒྱལ་སྤྱིའི་དེབ་ཀྱི་དུས་སྟོན།
2014.10.11

༄༅ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་དུ། ཉེ་ཆར་ཇར་མན་གྱི་གྲོང་ཁྱེར་ཕྷརངཀ་ཕྷུརཌ་རུ་ཚུགས་པའི་རྒྱལ་སྤྱིའི་དེབ་ཀྱི་དུས་སྟོན་སྐོར་སྤྱི་དང་། ལྷག་པར་དུ་རྒྱ་ནག་གི་སྲིད་ འཛིན་ཞི་ཇིན་པིང་གི་མཚན་ཐོག་ནས་བཏོན་པའི་གཞུང་གི་འཛིན་སྐྱོང་དང་འབྲེལ་བའི་དེབ་དེར་མང་ཚོགས་ཀྱིས་ངོས་འཛིན་བྱ་ཕྱོགས་སྐོར་བགྲོ་གླེང་དང་། དམིགས་བསལ་ཕྱི་ལོ ༢༠༡༤ ནོ་བེལ་ཞི་བདེའི་བྱ་དགའ་འབུལ་ཡུལ་པ་ཀིསི་ཐན་གྱི་བོུ་ལོ་ཆུང་ མ་ལཱ ལ་དང་། རྒྱ་གར་བ་ཀཡེ་ལཤ་སིཐ་ཡར་ཐི་རྣམ་གཉིས་ཀྱི་ཕྲུ་གུའི་ཐོབ་ཐང་དང་འབྲེལ་བའི་ལས་དོན་ལ་བྱ་དགའ་ངོས་འཛིན་འདི་བརྒྱུད་ཤུགས་རྐྱེན་ཇི་འབྱུང་སོགས་ཀྱི་སྐོར། ཇར་མན་དུ་བཅའ་ཞུགས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཚེ་དབང་ནོར་བུ་ལགས་དང་། སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས་ལགས་དབར་བགྲོ་གླེང་གནང་བ་ཞིག་གསན་རོགས།།
གསར་འགོད་པ། སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།