ཤྲི་ལང་ཀའི་ནང་པའི་ཆོས་མཐོའི་སྐུ་ཚབ་ནས་༧གོང་ས་མཆོག་ལ་ཤྲི་ལང་ཁའི་ནང་ཆིབས་བསྒྱུར་གནང་སྐྱོང་ཡོང་བའི་སྐྱབས་འཇུག་ཞུས་པར་རྒྱ་ནག་གིས་ཉེན་བརྡ་བཏང་ཡོད་པ།

2023.01.20
ཤྲི་ལང་ཀའི་ནང་པའི་ཆོས་མཐོའི་སྐུ་ཚབ་ནས་༧གོང་ས་མཆོག་ལ་ཤྲི་ལང་ཁའི་ནང་ཆིབས་བསྒྱུར་གནང་སྐྱོང་ཡོང་བའི་སྐྱབས་འཇུག་ཞུས་པར་རྒྱ་ནག་གིས་ཉེན་བརྡ་བཏང་ཡོད་པ། ༢༠༡༨།༠༡།༢༤། གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཤྲི་ལང་ཀ་དང་བོད་ཀྱི་ནང་པ་ཆོས་གྲོགས་ཚོགས་པའི་ཚོགས་གཙོ་དང་རྒྱལ་སྤྱིའི་ནང་པའི་མཉམ་འབྲེལ་མཐུན་ཚོགས་ཀྱི་དྲུང་གཞོན་Damenda Porage ལ་མཇལ་ཁ་གནང་སྐབས།
Damenda Porage

ཕྱི་ལོ་༢༠༢༢ སྤྱི་ཟླ་༡༢པའི་ཚེས་༢༨ཉིན་ཤྲིལང་ཀའི་ནང་པའི་ཆེས་མཐོའི་ལྷན་ཚོགས་ཀྱི་སྐུ་ཚབ་རྣམས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་པ་དང་འབྲེལ་༧གོང་ས་མཆོག་ཤྲི་ལང་ཀའི་ནང་གནས་མཇལ་དང་ཆོས་འབྲེལ་གྱི་ཆེད་དུ་ཆིབས་བསྒྱུར་གནང་སྐྱོང་ཡོང་བའི་སྐྱབས་འཇུག་ཞུས་ཡོད་པ་དང་། དེ་ནས་རྒྱ་ནག་གི་གཞུང་ཚབ་ཁང་གིས་ཏྭ་ལའི་བླ་མ་ཤྲི་ལང་ཀའི་ནང་གནས་མཇལ་དུ་ཕེབས་བཅུག་ན་ཤྲི་ལང་ཀ་དང་རྒྱ་ནག་གཉིས་ཀྱི་འབྲེལ་བ་ལ་གནོད་སྐྱོན་ཆེན་པོ་ཡོང་སྲིད་པའི་ཉེན་བརྡ་བཏང་བ་དང་། ད་ལྟ་བཙན་བྱོལ་དུ་བཞུགས་བཞིན་པའི་ཆོས་ཕྱོགས་ཀྱི་ནང་པའི་དབུ་ཁྲིད་ཏྭ་ལའི་བླ་མ་དང་འབྲེལ་བ་བཅད་པ་ཡིན་ན་རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་ཐོག་ནས་ཁེ་ཕན་སྤྲོད་རྒྱུ་ཡིན་པ་འགྲེལ་བརྗོད་བྱས་ཡོད་པའི་སྐོར་ཚེ་དབང་ནོར་བུ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས།།
གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎