དྲ་རྒྱའི་བདེ་འཇགས་ཐོག་ལ་འགན་འཁུར་ཡོད་པའི་སྤྱོད་ཚུལ་བཟུང་དགོས།

2021.07.20
དྲ་རྒྱའི་བདེ་འཇགས་ཐོག་ལ་འགན་འཁུར་ཡོད་པའི་སྤྱོད་ཚུལ་བཟུང་དགོས།
ཨེ་ཨེཕ་པི།

ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་དྲ་རྒྱའི་བདེ་འཇགས་ཐོག་ལ་འགན་འཁུར་ཡོད་པའི་སྤྱོད་ཚུལ་བཟུང་དགོས་པའི་སྐུལ་མ་བྱས་པའི་གསལ་བསྒྲགས་ཤིག་སྤེལ་ཡོད་ཅིང་།   བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་ ༢༠༠༨ ཡས་མས་ནས་དྲ་རྒྱའི་ནང་དྲ་འབུ་སིམ་འཛུལ་དང་ཉེ་བའི་ལོ་ཤས་ནང་མི་སྣ་གནད་འགག་ཡོད་པའི་ཁ་པར་མཉེན་ཆས་ནང་དྲ་འབུ་བཏང་བ་སོགས་བྱུང་བར་བརྟེན།  ཚང་མས་དཀའ་ངལ་ལ་གདོང་ལེན་མཉམ་ལས་ཆེད་བོད་དོན་ལས་འགུལ་བསྟི་གནས་ཁང་གིས་དྲ་རྒྱའི་བདེ་འཇགས་ཀྱི་ལས་རིམ་ཁག་ཅིག་སྤེལ་བཞིན་ཡོད་ཅིང་།  གནས་ཚུལ་རྣམས་ཡུལ་ལུང་སོ་སོའི་ནང་དུ་ཐོ་འགོད་གནང་ས་ཡོད་པར་འབྲེལ་གཏུགས་བྱ་རྒྱུ་གལ་ཆེ་ཡིན་པ་ཆེད་ལས་པས་འགྲེལ་བརྗོད་གནང་གི་འདུག  བཀྲིས་དབང་ཕྱུག་ལགས་ཀྱིས་ཕྱོགས་སྒྲིག་ཞུས་པ་ཞིག་གཟིགས་རོགས་གནང་།

གསར་འགོད་པ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།

དྲ་ཐོག་རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎