བལ་ཡུལ་ནང་ཏོག་དབྱིབས་ནད་ཡམས་ཕོག་མཁན་སྡོམ་༡༣ལྷག་བྱུང་ཡོད་པ།
2020.04.14

བལ་ཡུལ་ནང་བུད་མེད་ཞིག་ལ་ཟུར་བཀག་འོག་བཞག་རྗེས་ཏོག་དབྱིབས་ཀྱི་ནད་ཡོད་མེད་བརྟགས་དཔྱད་བྱེད་སྐབས་ནད་དེ་མེད་པ་ཐོན་ཡོད་ཀྱང།ད་རེས་བསྐྱར་དུ་བརྟག་དཔྱད་བྱེད་པའི་སྐབས་སུ་ཁོ་མོར་ཏོག་དབྱིབས་ཀྱི་ནད་དེ་ཡོད་པ་ཐོན་ཡོད་པ་དང།
ད་ཆ་བལ་ཡུལ་ནང་ད་བར་མི་གྲངས་༡༣་ལྷག་ལ་ནད་ཡམས་དེ་ཕོག་ཡོད་པའི་སྐོར་ཚེ་དབང་ནོར་བུས་གནས་ཚུལ་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པ་གསན་རོགས་ཞུ།