0:00 / 0:00
གསར་འགྱུར་དང་འབྲེལ་བའི་ལེ་ཚན་ནང་། དཔལ་འབྱོར་ཡར་རྒྱས་ཐོན་ཆེན་པོ་ཕྱིན་པའི་རྒྱལ་ཁབ་བདུན་གྱི་དཔལ་འབྱོར་བློན་ཆེན་རྣམ་པ་མཉམ་རུབ་ཀྱིས་སྤྱི་བསྒྲགས་ཤིག་ནང་། ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་འཛམ་གླིང་སྤྱིའི་དཔལ་འབྱོར་འཕེལ་རྒྱས་ཉམས་རྒུད་ཤུགས་ཆེ་རུ་མི་འགྲོ་བའི་ཆེད་ལས་དོན་གང་ཡོད་སྤེལ་རྒྱུའི་གསལ་བསྒྲགས་གནང་བའི་སྐོར་བློ་བཟང་ཡེ་ཤེས་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།