ཕ་རན་སིའི་ནང་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཚོགས་བཞིན་པ།
2015.12.05

༄༅། །ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་དུ། ཕ་རན་སིའི་རྒྱལ་ས་པེ་རི་སིའི་ནང་འཚོགས་བཞིན་པའི་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཚོགས་ཆེན་དང་། ལྷག་པར་དུ་ཚོགས་ཆེན་དེའི་ཐོག་བོད་འཛམ་གླིང་གི་གནས་གསུམ་པར་ངོས་འཛིན་ཡོང་ཐབས་སུ་ལས་འགུལ་སྤེལ་བ་བཞིན་མང་ཚོགས་ཀྱི་ངོས་ནས་དོ་སྣང་དང་ཚོར་སྣང་གང་འདྲ་ཡོད་མེད་སོགས་ཀྱི་ཐད། སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས་ལགས་དང་བློ་བཟང་དབྱངས་འཛོམས་ལགས་དེ་བཞིན་དོན་གྲུབ་ཕུན་ཚོགས་ལགས་དབར་གླེང་མོལ་གནང་བར་གསན་རོགས་ཞུ༎
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།