གོ་ལའི་ཚ་དྲོད་འགྱུར་ལྡོག་གི་ཤུགས་རྐྱེན།
2019.01.11

༄༅༎དེ་རིང་གི་དམིགས་བསལ་གསར་འགྱུར་ནང་གོ་ལའི་ཚ་དྲོད་འགྱུར་ལྡོག་གི་ཤུགས་རྐྱེན་འོག་མཐོ་སྒང་བོད་ནང་གནས་བཞིན་པའི་བོད་མི་དང་བལ་ཡུལ་གྱི་ནུབ་བརྒྱུད་ཀྱི་གྲོང་གསེབ་ཁག་ཏུ་གནས་བཞིན་པའི་ཡུལ་མི་རྣམས་བཅས་ཀྱི་འཚོ་གནས་ལ་གནོད་སྐྱོན་ཕོག་ཆོག་ཆོག་ཞིག་ཡིན་པ་མ་ཟད།གཞུང་ལམ་དང་འཛུགས་བསྐྲུན་གྱི་ལས་གཞི་ཁག་གིས་དེ་བས་ཉེན་ཚབས་ཆེ་རུ་གཏོང་བཞིན་ཡོད་པའི་སྐོར་ད་རེས་འཛམ་གླིང་གི་སྣེ་གསུམ་པ་ཟེར་བའི་ཁོར་ཡུག་ཚན་པའི་དུས་དེབ་ནང་བལ་ཡུལ་ནང་གི་ལས་འཆར་འགན་འཛིན་དང་ཁོར་ཡུག་སྐོར་གྱི་གསར་འགོད་པ་སྐུ་ཞབས་Ramesh Bhushal ཟེར་བའི་རྩོམ་བྲིས་སྤེལ་བའི་སྐོར་ཚེ་དབང་ནོར་བུས་ཕབ་བསྒྱུར་དང་བཅའ་འདྲི་ཞུས་ནས་ཕྱོགས་སྒྲིག་བྱས་པ་དེ་གསན་རོགས་ཞུ།།
གསར་འགོད་པ་ཚེ་དབང་དངོས་གྲུབ།