རྒྱལ་ཚོགས་ཀྱི་བེུད་ལ་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གི་ལྷན་ཚོགས་ཐེངས་༨༥པ།
སུད་སི་གྲོང་ཁྱེར་ཇི་ཎེ་ཝའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བེུད་ལ་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གི་ལྷན་ཚོགས་ཐེངས་༨༥པ་དེ་སྤྱི་ཟླ་༥ཚེས་༨ཉིན་དབུ་འཛུགས་གནང་བའི་ཉིན་དང་པོར་བོད་ནང་གི་བུད་མེད་ཐོག་རྒྱ་ནག་གཞུང་གིས་དབྱེ་འབྱེད་ཕྱོགས་ལྷུང་གི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་གནས་ལུགས་ཞུ་གཏུགས་གནང་འདུག
སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་བོད་ཀྱི་དབུས་བུད་མེད་ལྷན་ཚོགས་གཉིས་ནས་བོད་ནང་གི་བེུད་ཚོའི་གནས་སྟངས་སྐོར་སྙན་ཐོ་ཕུལ་གནང་ཡོད་པ་མ་ཚད། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་མཉམ་སྦྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུགས་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་ཀྱིས་གོང་ཞུས་ལྷན་ཚོགས་སར་རྒྱ་ནག་གཞུང་གིས་བོད་ནང་དབྱེ་འབྱེད་ཕྱོགས་ལྷུང་ཆེ་བའི་སྲིད་བྱུས་ཁག་གིས་བོད་ནང་གི་བུད་མེད་ཐོག་ཚད་ལས་འགལ་བའི་དུག་རྩུབ་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་དག་འགོག་ཐབས་གནང་དགོས་པའི་འབོད་སྐུལ་ངག་ཐོག་ནས་ཞུས་གནང་ཐུབ་པ་བྱུང་འདུག
ཞིབ་ཕྲའི་གནས་ཚུལ་རིག་ལྡན་སྒྲོལ་མ་ལགས་ཀྱིས་ཕྱོགས་བསྡུས་ཞུས་པར་གསན་རོགས།
གསར་འགོད་པ། རིག་ལྡན་སྒྲོལ་མ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།