0:00 / 0:00
རྒྱ་ནག་དང་ཧོང་ཀོང་ཐེ་ཝན་གྱི་ལེ་ཚན་ནང་། ཕི་ལི་ཕིནྶི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཆེན་མོས་ཐེ་ཝན་ནང་ཡོད་པའི་ཕི་ལི་ཕིནྶི་ཀྱི་ལས་མི་འབུམ་གཅིག་དང་ཁྲི་ལྔའི་བདེ་འཇགས་ལ་འཇིགས་སྐུལ་གྱིས། ཕི་ལི་ཕིནྶི་ཡུལ་གྲུས་ཐེ་ཝན་རང་བཙན་ལ་ངོ་རྒོལ་བྱ་དགོས་ལུགས་བརྗོད་པ་མ་ཟད། ཕི་ལི་ཕིནྶི་གཞུང་གིས་ཨ་རིས་ཡུལ་དེའི་མངའ་ཁུལ་གླིང་ཕྲན་ཁག་ནང་དམག་དོན་རྟེན་གཞི་བཙུགས་རྒྱུར་མོས་ཐུན་བྱེད་པ་དེས། ཐེ་ཝན་མཚོ་ཁུལ་གྱི་ཛ་དྲག་གནས་སྟངས་ཛ་དྲག་ཏུ་འགྲོ་རྒྱུར་སྐུལ་སྤེལ་བྱས་ལུགས་བཤད་ཡོད་པའི་སྐོར། འཆི་མེད་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག