ཨ་རིའི་མི་སེར་བོད་ནང་འགྲོ་བསྐྱོད་བཀག་འགོག་བྱེད་མཁན་ལ་ཉེས་ཆད།

རྒྱ་ནག་གཞུང་གིས་ཨ་རིའི་གྲོས་ཚོགས་མི་འཐུས་མི་གཙོས་པའི་དཔོན་རིགས་༡༡ལ་ཉེས་ཆད་བཏང་བ།
རྒྱ་ནག་གཞུང་གིས་ཨ་རིའི་གྲོས་ཚོགས་མི་འཐུས་མི་གཙོས་པའི་དཔོན་རིགས་༡༡ལ་ཉེས་ཆད་བཏང་བ། (པར་ཚགས།)

0:00 / 0:00

0:00 / 0:00

༄༅།།ཐེངས་འདིའི་གསར་འགྱུར་དཔྱད་གཏམ་གྱི་ལེ་ཚན་ནང་། ཨ་མི་རི་ཀས་ཨ་རིའི་མི་སེར་བོད་ནང་འགྲོ་བསྐྱོད་བཀག་འགོག་བྱེད་མཁན་གྱི་རྒྱ་མིའི་དཔོན་རིགས་ལ་ཉེས་ཆད་གཏོང་རྒྱུའི་ཁྲིམས་གཞི་འབྲུ་དོན་བཞིན་ལག་བསྟར་གནང་འགོ་བཙུགས་པའི་གནད་དོན་དེ་བོད་ཀྱི་གནད་དོན་ཐོག་ཨ་རིའི་གཞུང་གིས་མུ་མཐུད་ནས་ཐུགས་འཁུར་གནང་གི་ཡོད་པའི་རྣམ་པ་གསལ་སྟོན་གནང་བ་ཞིག་དང་། དེ་བཞིན་ཨ་རིས་ཧོང་ཀོང་གི་རྒྱ་མིའི་དཔོན་རིགས་༡༡་ལ་ཉེས་ཆད་བཏང་བ་དེར་རྒྱ་ནག་གཞུང་གིས་ཨ་རིའི་གྲོས་ཚོགས་མི་འཐུས་མི་གཙོས་པའི་དཔོན་རིགས་༡༡ལ་ཉེས་ཆད་བཏང་སྟེ་ཁོན་ལན་སློག་པའི་གནད་དོན་དེ་ནི་རྒྱ་ནག་གཞུང་གིས་རྒྱ་ནག་མི་དམངས་དང་འཛམ་གླིང་ཐོག་རྒྱ་ནག་གི་མཐོང་ཚུལ་མི་ལེགས་པ་འགེབ་ཐབས་ཀྱི་སྲིད་ཇུས་ཤིག་ཡིན་པ་ངོས་འཛིན་གནང་གི་ཡོད་པའི་སྐོརགཡུ་སྒྲོན་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང་།།

གསར་འགོད་པ་གཡུ་སྒྲོན།