སྨན་པ་དོན་གྲུབ་བཀྲིས་ལགས་སུ་ Chetan Bettegowda སྨན་ལས་མཁས་པའི་གཟེངས་བསྟོད་བྱ་དགའ་གནང་གཏན་འཁེལ་བ།
རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ཆགས་པའི་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་སྨན་ཁང་གི་སྨན་པ་དོན་གྲུབ་བཀྲིས་ལགས་སུ་འཕགས་བོད་གཉིས་ཀྱི་ནད་པ་རྣམས་ལ་སྨན་བཅོས་ཀྱི་གཟེངས་ཐོན་ཞབས་ཞུ་སྒྲུབ་པར་ཆེ་བསྟོད་ཞུ་སླད་ ༢༠༢༣ འཇོན་ཧོབ་ཀིནསི་སྨན་གྱི་མཐོ་སློབ་ཁང་གི་ཀླད་པའི་གཤག་གཅོད་སྨན་པ་དང་དབང་རྩའི་ཚན་རིག་པ་གྲགས་ཅན Chetan Bettegowda ལགས་ཀྱི་མཚན་ཐོག་ནས་སྨན་ལས་མཁས་པའི་གཟེངས་བསྟོད་ཕྱག་ཁྱེར་དང་བྱ་དགའ་དང་པོ་གནང་རྒྱུའི་གསལ་བསྒྲགས་གནང་འདུག ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། སྨན་པ་དོན་གྲུབ་བཀྲིས་ལགས་དང་ལྷན་ཁོང་གིས་ད་བར་ལས་དོན་ཆེ་ཁག་ཇི་སྒྲུབ་སྐོར་དང་སྨན་ལས་ཞབས་ཞུའི་མྱོང་བ་དང་འབྲེལ་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།