ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་གཙོས་བོད་མི་ཆབ་སྲིད་བཙོན་པ་རྣམས་ངེས་པར་དུ་གློད་གྲོལ་དགོས།
2021.01.15
ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་། ཨ་རིས་གཏན་འབེབས་གནང་བའི་བོད་དོན་སྲིད་བྱུས་ཁྲིམས་ཡིག་དང་། བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་ཡིག་གཉིས་བརྒྱུད་ནས་བོད་ཀྱི་ས་ཁུལ་དུ་ཕེབས་ཏེ་བོད་ཀྱི་རིག་གཞུང་དང་ངོ་བོ་རྒྱུན་གནས་ཐུབ་ཐབས་བྱ་དགོས་པའི་འབོད་སྐུལ་གནང་བ་དང་ཕྱོགས་མཚུངས་རྒྱ་ནག་གུང་ཁྲན་ཏང་གི་སྲིད་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་གནང་རྒྱུར་ཡར་རྒྱས་བྱུང་མེད་པ་གསལ་བཏོན་གནང་ཡོད་པའི་སྐོར། བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།