ཁེ་ཎ་ཌའི་ནང་ཁང་པ་ཉོ་ཚོང་གི་ཚོང་ལས་དེ་ཡག་ཏུ་འགྲོ་བཞིན་འདུག
2020.11.03
བཙན་བྱོལ་བོད་མིའི་དཔལ་འབྱོར་གྱི་བྱ་གཞག་ཅེས་པའི་ལེ་ཚན་ནང་། ཀོ་ཝིཌ་༡༩ཏོག་དབྱིབས་ནད་ཡམས་རྐྱེན་པས་འཛམ་གླིང་ཁྱོན་ཡོངས་ནང་ཚོང་ལས་ཚན་པ་ཁག་གི་ཚོང་ཉམས་གུད་དུ་ཕྱིན་ཀྱང་། ཁེ་ཎ་ཌའི་ནང་ཁང་པ་ཉོ་ཚོང་གི་ཚོང་ལས་དེ་ཡག་ཏུ་འགྲོ་བཞིན་འདུག་པ་འདིའི་ཐད་ཁེ་ཎ་ཌའི་གྲོང་ཁྱེར་ཀྲོ་རན་ཀྲོའི་ནང་ཁང་ཚོང་གི་ཕྱག་ལས་གནང་མཁན་བསོད་ནམས་ལང་སྐར་ལགས་སུ་བཀའ་འདྲི་ཞུས་ནས་ཕྱོགས་སྒྲིགས་ཞུས་པ་ཞིག་གསན་རོགས་གནང་།