རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ཐུགས་འཚབ་ཡོད་སྐོར་གསུངས་བ།


2019.06.08
རྒྱ་ནག་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐོག་ཐུགས་འཚབ་ཡོད་སྐོར་གསུངས་བ། ཁེ་ན་ཌའི་སྲིད་བློན་ཇས་ཊིན་ ཏྲུ་ཌོའོ་(Justin Trudeau) མཆོག་གིས་རྒྱ་ནག་ནང་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་དྲག་གནོན་བྱས་ནས་ལོ་༣༠འཁོར་བའི་དུས་དྲན་སྲུང་བརྩིའི་ཉིན་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ཐུཌ་འཚབ་གནང་བ་དེར་རྒྱ་ནག་གིས་དེ་མ་ཐག་སྐྱོན་བརྗོད་བྱས་ཡོད་འདུག
ཨེ་ཨེཕ་པི།

སྔ་ལོ་ཕྱི་ཟླ་༡༢པའི་ནང་རྒྱ་ནག་གི་བཟོ་ལས་རིག་རྩལ་ཁང་ཧུའ་ཝེ་(Huawei)ཡི་དཔལ་འབྱོར་འགན་འཛིན་མེངྒ་ ཝན་ཀྲུ་(Meng Wanzhou) ཁེ་ཎ་ཌའི་གྲོང་ཁྱེར་ཝནྐུ་ཝར(Vancouver)ནང་ཨ་མེ་རི་ཀའི་གནོན་ཤུགས་འོག་འཛིན་བཟུང་བྱས་པ་ནས་བཟུང་ཡུལ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་རེད། སྲིད་བློན་ཏྲུ་ཌོའོ་མཆོག་གིས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་དང་ངོ་རྒོལ་བྱེད་ཆོག་པའི་རང་དབང་དང་སྨྲ་བརྗོད་རང་དབང་བཅས་སྲུང་བརྩི་ཞུ་དགོས་ལུཌ་མུ་མཐུད་ནས་ཞུ་གི་ཡོད་ལ་ལྷག་པར་དུ་ཤར་ཏུརྐིསེ་ཐན་ནང་ཡུ་གུར་ཁ་ཆེ་ཁྱོན་ཆེན་འཛིན་བཟུང་བཀག་ཉར་མཚམས་འཇོག་དགོས་ལུཌ་ཝནྐུ་ཝར་དུ་གསར་འགོད་པ་ཚོར་གསུངས་གནང་འདུག  ཁེ་ཎ་ཌའི་ཕྱི་སྲིད་བློན་ཆེན་ཁརེས་ཊི་ཡ་  ཕི་རེ་ལེནྜི་(Chrystia Freeland)མཆོག་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་རྒྱ་ནག་གིས་དེ་སྔའི་དོན་རྐྱེན་སྐབས་མི་གསོད་ཁྲག་སྦྱོར་བྱས་པ་ངོས་ལེན་གྱིས་རྐྱེན་ལམ་དུ་ཕྱིན་པ་དང་འཛིན་བཟུང་བྱས་པའམ་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་དྲང་པོ་གསལ་བཤད་དགོས་སྐོར་གསུངས་གནང་འདུག དེ་མ་ཐག་ཁེ་ཎ་ཌར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ལས་ཁུངས་ཀྱིས་སྲིད་བློན་ཏྲུ་ཌོའོ་ཡིས་གཏམ་བཤད་དེ་ནི་གཞི་མེད་ཉེས་འཛུཌ་ཡིན་པ་མ་ཟད་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་ཚད་ལས་འགལ་བྱས་པ་རེད་ཅེས་སྐྱོན་ཤུགས་ཆེ་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎