ཨོ་ལིམ་པིགས་རྩེད་འགྲན་གྱི་གནས་ཚུལ་རྒྱང་སྲིངས་བྱེད་རྒྱུ་ཕྱིར་འཐེན་དགོས་པའི་ཞུ་སྐུལ།

2021.09.09
ཨོ་ལིམ་པིགས་རྩེད་འགྲན་གྱི་གནས་ཚུལ་རྒྱང་སྲིངས་བྱེད་རྒྱུ་ཕྱིར་འཐེན་དགོས་པའི་ཞུ་སྐུལ། རྒྱ་ནག་ནང་བསྐོངས་ཚོགས་གནང་རྒྱུའི་རྒྱལ་སྤྱིའི་ཨོ་ལིམ་པིགས་རྩེད་འགྲན་ལ་ངོ་རྒོལ།
པར་ཚགས།

གསར་འགྱུར་དཔྱད་གཏམ་གྱི་ལེ་ཚན་ནང་། བོད་མི་དང་ཝི་གུར་། ཐའེ་ཝན་། ཧོང་ཀོང་སོགས་མང་གཙོ་དོན་གཉེར་བའི་ཚོགས་པ་ཁག་ནས་ཨ་རིའི་ཨེན་བྷི་སིས་གཙོས་རྒྱལ་སྤྱིའི་གསར་འགྱུར་ཚན་པ་ཆེ་ཁག་ཚོར་རྒྱ་ནག་ནང་བསྐོངས་ཚོགས་གནང་རྒྱུའི་རྒྱལ་སྤྱིའི་ཨོ་ལིམ་པིགས་རྩེད་འགྲན་སྐབས་གནས་ཚུལ་རྒྱང་སྲིངས་བྱེད་རྒྱུ་ཕྱིར་འཐེན་གནང་དགོས་པའི་ཞུ་སྐུལ་གནང་ཡོད་འདུག གནད་དོན་འདིའི་ཐད་། བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་བཀྲས་མཐོང་ལྷག་སྒྲོན་ལགས་དང་། ཝི་གུར་མི་རིགས་ཀྱི་འཐབ་རྩོད་ལས་འགུལ་ཁང་གི་འགན་འཛིན་རོ་ཤན་ཨ་བྷ་སེ་རྣམ་གཉིས་ལ་བཀའ་འདྲི་ཞུས་ཏེ་ཕྱོགས་བསྒྲིགས་ཞུས་པ་ཞིག་རིག་འཛིན་ཆོས་སྒྲོན་ལགས་ནས་སྙན་སྒྲོན་ཞུས་པར་གསན་རོགས
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎