དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ འཇེམསི་ཀལེཝརིལི་ཡིས་རྒྱ་ནག་དང་འབྲེལ་བ་བཟང་དུ་འགྲོ་བའི་རེ་བ་བཅངས་ཡོད་པ།

2023.09.05
དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ འཇེམསི་ཀལེཝརིལི་ཡིས་རྒྱ་ནག་དང་འབྲེལ་བ་བཟང་དུ་འགྲོ་བའི་རེ་བ་བཅངས་ཡོད་པ། ༢༠༢༣།༨།༣༠། དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ James Cleverly (འཇེམསི་ཀལེཝརིལི་) རྒྱ་ནག་ཏུ་ཕེབས་ཏེ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་དང་ཐུག་འཕྲད་གནང་སྐབས།
ཨེ་ཨེཕ་པི།

དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ James Cleverly (འཇེམསི་ཀལེཝརིལི་) ཕྱི་ཟླ་ ༨ ཚེས་ ༣༠ ཉིན་རྒྱ་ནག་ཏུ་ཕེབས་ཏེ་དབྱིན་ཇི་དང་རྒྱ་ནག་གཉིས་ཀྱི་དབར་ལ་ཕྱི་འབྲེལ་གྱི་འབྲེལ་ལམ་སྡུག་པོར་གྱུར་ཏེ་ཕྱི་ལོ་ ༢༠༡༨ རྗེས་སུ་དབྱིན་ཇིའི་མཐོ་རིམ་དཔོན་རིགས་ཕེབས་མཁན་ཐོག་མ་དེ་ཆགས་པ་དང་། འདི་བརྒྱུད་ཕྱོགས་གཉིས་ཀྱི་འབྲེལ་ལམ་བཟང་དུ་འགྲོ་བའི་རེ་བ་བཅངས་ཡོད་པ་རེད། ཕྱོགས་གཞན་ཞིག་ཏུ་དབྱིན་ཇིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་སྙན་ཐོ་ཞིག་བཏོན་ནས། རྒྱ་ནག་ནི་དབྱིན་ཇིའི་གཞུང་ལ་ཉེན་ཁ་ཆེ་བའི་རྒྱལ་ཁབ་གཅིག་ཏུ་འབོད་ཅིང་། ཐེ་ཝན་འདི་བཞིན་རང་བཙན་གྱི་མངའ་དབང་ལྡན་པའི་འོས་ཆོས་ཆ་ཚང་ལྡན་ཡོད་པ་བཀོད་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། དབྱིན་ཡུལ་དུ་གནས་བཞུགས་བོད་རང་དབང་ཚོགས་པའི་ཞུ་གཏུག་འགན་འཛིན་བསྟན་འཛིན་ཀུན་དགའ་ལགས་སུ་འདི་དང་འབྲེལ་བའི་ཐད་དཔྱད་གཞིའི་སླད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎