ཨོས་ཊེ་ལིཡ་གྲོས་ཚོགས་གོང་མའི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ཚོར་དམིགས་པའི་ཁྲིམས་འཆར་གཏན་འབེབས་གནང་བ།
2021.12.16

བོད་དང་རྒྱལ་སྤྱིའི་གནས་བབ་ཅེས་པའི་ལེ་ཚན་ནང་། ཨོས་ཊེ་ལིཡ་གྲོས་ཚོགས་གོང་མའི་ནང་ Magnitsky Act ཞེས་པའི་ཁྲིམས་འཆར་སྤྱི་མོས་གཏན་འབེབས་གནང་ཡོད་པ་དང་ཕྱོགས་མཚུངས་གྲོས་ཚོགས་འོག་མའི་ནང་རིང་མིན་གཏན་འབེབས་གནང་འཆར་ཡོད་པ་རེད། ཁྲིམས་འཆར་དེ་ཁྲིམས་ཡིག་ཏུ་གཏན་འབེབས་བྱུང་རྗེས་རྒྱ་ནག་ལ་སོགས་པ་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་མཁན་རིགས་ལ་ཁྲིམས་གཅོད་བྱ་བདེ་པོ་ཡོད་པའི་སྐོར། ཨོས་ཊེ་ལིཡའི་སྤྱི་མཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱི་འདི་ག་རླུང་འཕྲིན་ཁང་ལ་གསུངས་བ་ཞིག་གསན་རོགས་ཞུ།།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག