ཨོས་ཀྲེ་ལི་ཡ་མི་མང་རྒྱ་ནག་ནང་རང་དབང་ཐོག་ནས་འགྲོ་ཕྱོགས་པའི་ཁྲིམས་གཞི་གཏན་འབེབས་ཡོང་བའི་འབོད་སྐུལ།
2019.11.20

ཨོས་ཀྲེ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ་(Australia Tibet Council)གྱིས་ཁ་ས་བསྒྲགས་གཏམ་ཞིག་སྤེལ་ནས་རྒྱ་ནག་གཞུང་གིས་ཨོས་ཀྲེ་ལི་ཡའི་གྲོས་ཚོགས་འཐུས་མི་གཉིས་རྒྱ་ནག་ནང་ཕེབས་རྒྱུ་བཀག་འགོག་བྱས་པ་དང་འབྲེལ་སྔ་ལོ་ཨ་རིའི་གྲོས་ཚོགས་ཀྱིས་རྒྱ་ནག་གི་དཔོན་རིགས་གཙོས་པའི་མི་མང་ཚོ་ཨ་རིའི་ནང་རང་དབང་ཐོག་ནས་ཡོང་ཆོག་པ་བཞིན་དུ་ཨ་རིའི་གཞུང་འབྲེལ་མི་སྣ་དང་བོད་མི་གཙོས་པའི་ཨ་རིའི་མི་སེར་རྣམས་བོད་དང་རྒྱ་ནག་ནང་རང་དབང་ཐོག་ནས་འགྲོ་བསྐྱོད་ཆོག་པའི་ཁྲིམས་གཞི་གཏན་འབེབས་གནང་བ་ལྟར། ཨོས་ཀྲེ་ལི་ཡའི་གྲོས་ཚོགས་ནས་ཀྱང་དེ་དེ་བཞིན་གྱི་ཁྲིམས་གཞི་གཏན་འབེབས་གནང་དགོས་པའི་འབོད་སྐུལ་གནང་ཡོད་པའི་སྐོར། སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།