ཨོསི་ཊེ་ལི་ཡའི་བོད་དོན་རྒྱབ་སྐྱོར་ལྷན་ཁང་གིས་ཨསི་ཊེ་ལི་ཡའི་ཚོང་ཚོང་དོན་བློན་ཆེན་དང་གནད་ཡོད་མི་སྣར་བོད་དོན་གླེང་དགོས་པའི་འབོད་སྐུལ།

2023.04.13
ཨོསི་ཊེ་ལི་ཡའི་བོད་དོན་རྒྱབ་སྐྱོར་ལྷན་ཁང་གིས་ཨསི་ཊེ་ལི་ཡའི་ཚོང་ཚོང་དོན་བློན་ཆེན་དང་གནད་ཡོད་མི་སྣར་བོད་དོན་གླེང་དགོས་པའི་འབོད་སྐུལ། ཨོསི་ཊེ་ལི་ཡའི་བོད་དོན་རྒྱབ་སྐྱོར་ལྷན་ཁང་གིས་ཨསི་ཊེ་ལི་་ཡའི་ཚོང་ཚོང་དོན་བློན་ཆེན་གྱིས་གཙོས་གནད་ཡོད་མི་རྒྱ་ནག་ཏུ་ཕེབས་སྐབས་བོད་དོན་གླེང་དགོས་པའི་འབོད་སྐུལ།
ATC

བོད་དང་རྒྱལ་སྤྱིའི་གནས་བབ་ཞེས་པའི་ལེ་ཚན་ནང་། Australia Tibet Council ཞེས་ཨོསི་ཊ་ལི་ཡའི་བོད་དོན་རྒྱབ་སྐྱོར་ལྷན་ཁང་གིས་ ཨའོསི་ཊརེ་ལི་ཡའི་ཚོང་དོན་བློན་ཆེན་གྱིས་གཙོས་གནད་ཡོད་མི་སྣ་ཁག་ཅིག་རིང་མིན་རྒྱ་ནག་ཏུ་འཚམས་གཟིགས་གནང་གི་ཡོད་པ་ལྟར། རྒྱ་ནག་དང་ཚོང་དོན་འབྲེལ་ལམ་ཆེད་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་མི་རུང་བའི་འབོད་སྐུལ་གྱི་ཞུ་ཡིག་དྲ་ཐོག་སྤེལ་ཏེ་མང་ཚོགས་ཀྱི་རྒྱབ་སྐྱོར་གྱི་མིང་རྟགས་འགོད་འབུལ་ཡོང་བའི་ཞུ་སྐུལ་གནང་བཞིན་པ་ཟད། རྒྱ་ནག་གི་འགོ་ཁྲིད་མཇལ་འཕྲད་སྐབས་ཨོ་སི་ཀྲི་ལི་ཡའི་གཞུང་འབྲེལ་མི་སྣ་ཚོས་བོད་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གླེང་སློང་ཡོང་བའི་ནན་སྐུལ་གནང་བ་སོགས་ཀྱི་སྐོར། ཨོསི་ཊེ་ལི་ཡའི་བོད་དོན་རྒྱབ་སྐྱོར་ལྷན་ཁང་གི་ཚོགས་གཙོ་བསྟན་འཛིན་བློ་བཟང་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་གཉིས་བར་གླེང་མོལ་གནང་བར་གསན་རོགས་ཞུ།།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎