བལ་ཡུལ་ནང་སྲིད་བློན་ནས་བཀའ་བློན་གསར་བསྐོའི་ཐད་རྙོག་གླེང་།
བལ་ཡུལ་ནང་སྲིད་བློན་ནས་བཀའ་བློན་གསར་བསྐོའི་ཐད་རྙོག་གླེང་།
ལྷོ་ཨེ་ཤེ་ཡའི་ལེ་ཚན་ནང་། བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་ཁང་ཆེན་པོས་ཕྱི་ཚེས་༢༢་རེས་གཟའ་མིག་དམར་ཉིན་བར་བརྒལ་གྱི་བཀའ་རྒྱ་ཞིག་གི་ནང་། སྲིད་བློན་K.P.Sharma Oli ཡིས། ཉེ་ལམ་བཀའ་ཤག་བསྐྱར་བསྒྲིགས་ཀྱིས་བཀའ་བློན་གསར་པ་བསྐོ་གཞག་བྱས་པ་དེ་ཁྲིམས་མཐུན་ཆགས་ཀྱི་མེད་པས་བཀའ་བློན་གསར་པ་ཚོས་གོ་གནས་བཟུང་ཆོག་གི་མེད་པའི་བཀའ་བཏང་ཡོད་པའི་སྐོར་བློ་བཟང་ཡེ་ཤེས་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་དེ་སྙན་སྒྲོན་གནང་གི་རེད།